R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༤༡
[A:༢༤༡]འཛིན་ཆུ་ཚན་ལ་ཕེབས། དབོ་འགོ་ནས་རྩ་འཆུས་སོགས་མི་བདེ་བའི་མུར་དེའི་ཉེར་གཅིག་སྔ་དྲོ་སྟེང་གྲིབ་བྱུང་ཚུལ་གསན་འཕྲལ་རྗེ་ཉིད་ནས་ཁྲུས་སྣ་ཚོགས་བརྩེ་སྐྱོང་དང་མཉམ་དུ་སྨན་རིམ་གྲོའི་བཀའ་འདོམས་རྣམས་ཚར་ཕྱིན་མཛད་ནས་རྣལ་འབྱོར་མར་ཕེབས། གུང་སེང་སྔོན་མར་ཇེ་ལོད་མཆིས་ཚུལ་གསན་འཕྲལ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དམ་པའི་རྣམ་ཐར་གྱིས་ཛ་ལུང་དཔོན་སློབ་གདན་འདྲེན་འཕྲལ་གནང་བཞིན་ཉེར་གཉིས་ས་རུབ་ཐོག་བྱོན་ཙམ་ལ་མཛོད་འཛིན་གཤེགས། ནག་ཟླའི་འགོར་ཀུན་རིག་སྒྲུབ་མཆོད་ཚོགས་དབུར་ཕེབས་ཏེ། གཤེགས་པོར་དགོངས་པའི་ཆོ་ག་ཐུགས་རུས་ཀྱིས་གསུང་ཤུགས་དང་བཅས་འདོན་པར་མཛད་པས། སྐུ་འཁྲུགས་ཀྱི་རྣམ་པས་མགུར་ཆམ་བཞེས་ཚུལ་དང༌། དེ་ནས་སྔར་གྱི་གློ་ཚད་འཕར་ཉམས་ཀྱིས་ཟླ་ཕྱེད་ཙམ་མགུལ་ཐུགས་སུན་ཅན་ཙམ་བཞེས་ཚུལ་ཡང་དམ་ཚིག་བསྐང་གསོའི་སྐབས་རིམ་གྱིས་སྙུན་ལས་གྲོལ། དེ་ནས་གནས་བཅུར་སྤྱན་གཟིགས་མཆོད་གཏོར་གཟབ་པ་བཅས་ཚོགས་བདག་བསྐང་བ་ཟླ་གང་མའི་ཐོག་གཞུང་ཞབས་སུ་མཛོད་གསར་ལྕམ་གྲྭའི་དྲུང་ཡིག་ཀུན་ཕུན་ལྷ་སར་དོས་རྟའུ་ལ་སྔ་བཞིན་འཁྲི་མེད་ཞུ་དོན་གྱི་སྐབས་དང༌། གདན་སར་འབྱོར་འཕྲལ་ས་གའི་གནས་བཅུ་ལྷ་ཁང་དུ་མཛོད་འཛིན་འཁུར་བཞེས་ཀྱི་བཀའ་འདོམས་དང༌། སྣྲོན་ཟླར་རྗེ་ཉིད་ནས་མཛོད་ཁང་དུ་ཚེ་དཔག་མེད་ལྷ་དགུའི་དབང་བསྐུར་དང་སྦྲགས་ལས་ཞྭ་ལྡེ་ཁྲེས་གཏོང་ཡོང་གཏན་ཚིགས་ཀྱི་དེབ་སྒམ། གཞུང་ཞབས་སྐོར་ཡིག་དབང་ལྷའི་རྗེས་གནང་ཐོག་སྐུ་པར་དང་ཙནྡན་གྱི་ཕྲེང་བ་