R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༤༢
[A:༢༤༢]སོགས་གནང་ཆ་དང་བཅས་ལས་ཁུངས་སུ་མངའ་གསོལ་ཏེ་སྔ་ཕྱི་བར་གསུམ་གྱི་བཀའ་ལུང་ཆུ་འབབ་ལྟ་བུར་མཐའ་འདོམས་དང་བཅས་བསྩལ། ཚོགས་བདག་སྐོང་གསོ་དང༌། དེ་ནས་ལྷ་མོ་མཆོད། དབྱར་ཆོས། སྒྲུབ་མཆོད་སོགས་ལ་ཐུགས་གཞོལ་སྐབས་ནས་མཛོད་འཛིན་རྒྱལ་མཚན་མཐོན་པོར་ཕེབས་ཉིན་ཆར་དྲག་པོ་ཞིག་གིས་བདེ་གླིང་ལྕགས་རིའི་ཤར་ཕྱོགས་ཆུ་ཆེན་འགྲིམས་པ་ཀུན་མཁྱེན་བཞུགས་ཁྲིར་སྐྱོན་མེད་གཡས་ཕྱོགས་སུ་འབབ་པ་རྗེ་ཉིད་ཀྱི་དགོངས་པར་གཞན་ལས་ངོ་མཚར་བ་ཞིག་འཁྲུངས་ཚུལ་ནི་ཕུལ་གྱི་རྟེན་འབྲེལ་ཞིག་ཡིན་འདྲ། དེའི་སང་མུས་ཆེན་ཐོག་མང་ཇ་བཞིའི་རྒྱུན་འཛུགས་དང༌། བ་རི་སྟག་ཚང་པའི་གདུང་བ་རི་ལོ་ཙཱ་བའི་དཔོན་རྒྱུད་དུ་འཁྲུལ་ནས་བདག་རྐྱེན་ཡང་དག་པ་མཛད་པར་གྲགས་ཤིང༌། མི་རིང་བར་མཛོད་འཛིན་ཡང་འབྱོར་ནས་ཕུར་སྒྲུབ་དང༌། རིགས་ཆའི་སྐབས་ཚོམས་ཆེན་ལྷོ་རྒྱུད་ཉེན་ཆེས་སྟབས་ཞིག་གསོའི་གནས་ཚུལ་ཤར་ཞིང༌། སྨན་ཆབ་ཐོག་སྐུ་ཚབ་རྣམས་ལ་ཞིབ་ལྟའི་བཀའ་བསྩལ་ལྟར། ལྷོ་སྐྱ་གོག་པོ་བྱིན་རླབས་དང་རྫུ་འཕྲུལ་གྱིས་བཟུང་བ་ལྟ་བུ་མིན་པ་འགྱེལ་ཞིག་མི་ཡོང་ཀ་མེད་ལ་སླེབ་ཐོག་མགྱོགས་རྐྱེན་སྤེན་བད་སྤར་བའི་ལྕིད་མ་ཐེག་པས་ཡིན་ཚུལ་ཕུལ་བ་བཅས། གང་ལྟར་ནང་སོ་མགོན་ཁང་ཞིག་གསོ་རན་པས་ཐུགས་རྒྱུད་བསྐུལ་བར་གདོན་མི་ཟ་བས་རྡོ་རྗེ་འཆང་ཆེན་གྱི་གསུང་ལས། ངེད་རང་ནས་གཞོན་དུས་ཡབ་ཆོས་ཕལ་ཆེར་གནས་གསར་རྡོ་རྗེ་འཆང་དང་བྲག་རྩ་རྗེ་ལས་ཐོབ་ཅིང༌། ཡབ་རྗེ་རྡོ་རྗེ་འཆང་སོགས་ཡོངས་འཛིན་ཁ་ཤས་ལས་