R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༤༣
[A:༢༤༣]ཡབ་ཆོས་འགའ་རེ་དང་གཞན་ཐོབ་རྒྱ་མི་དམན་ཙམ་དང༌། རང་ནས་ཀྱང་ཀྱཻ་རྡོར་ཕུར་པ་གུར་ཞལ་སོགས་ཡི་དམ་ཆོས་སྲུང་ཁ་ཤས་ཀྱི་དུས་གྲངས་ཀྱི་བསྙེན་པ་ཡིད་ཆེས་སོང་གཤིས། རྒྱུན་དུའང་བསྒོམ་བཟླས་མཆོད་གཏོར་བགྱིད་མུ་དང་ན་ཚོད་ཀྱང་དར་ཡོལ་དུ་སླེབས། གདུང་སྐུ་མཆེད་གེགས་མེད་དུ་བྱོན། གདན་སའི་འཁུར་རྒྱུན་རིང་བས་གང་ཡང་རྒྱུས་ཡོད། བོད་ཁམས་དུས་བདེ་ཞོད་འཇགས་རང་ཡིན་པ་བཅས་མཁར་ལས་བགྱིད་དུས་སྐབས་བབས་རང་ཡིན། གོང་བཤད་འོད་གསལ་ལ་པུ་ཏྲས་གནང་བ་སྩོལ་བའི་དུས་ཐོག་དེ་ཡིན་པ་དགོངས་པ་བཞིན་དུ་རེ་ཞིག་ཚོམས་ཆེན་ལྷོ་སྐྱ་ལས་གཞན་བཀའ་མ་སྩོལ་ཞིང༌། ཇེ་ཞིག་ནས་མཛོད་འཛིན་པས་ནང་སོ་མ་བསྒུལ་ན་ཕུགས་སྐྱོན་ཆེ་རུ་འགྲོ་ཚུལ་གསོལ་བས་དེ་བཞིན་མཛད་རྒྱུའི་ཆ་གཞིར། སྐུ་དང་ཟངས་ཆེན་གདན་འདྲེན་དཀའ་ཞིང་འཚུབ་ལྷོངས་ཀྱང་བྱུང་དོགས། ཕལ་ཆེར་རྟབ་རྟབ་པོར་གྱུར་ཀྱང་རྗེ་ཉིད་ཀྱི་ཐུགས་རྗེ་ཁོ་ནས་སྐྱོན་ཡེ་མ་བྱུང་སྟེ། ལྷ་བཟོ་བ་ཟླ་འོད་སོགས་ལ་བཀའ་འདོམས་བཞིན་སྐུའི་སྒྲོན་དར་རྣམས་གྱེན་བརྫེས་ཀྱིས་བལྟས་པས། ཉམས་ཚོད་ཧ་ལམ་ལོངས་ནས་འདྲེན་པར་ཐུགས་ཐག་ཆོད་དེ་ཉིད་ནས་ནང་སོར་གསུང་བསྐང་དང༌། འཛུགས་གཏོར་རྣམས་ཕུལ་སྐབས་དར་ཕོན་གྱེན་བརྫེས་ཀྱིས་ཞབས་གཉིས་ཕེབས་ལ་ཁད་དབུ་དུད་དུད་མཛད་པ་ལྟ་བུའི་ཚུལ་དུ་གཟིགས་པས། ཞབས་འབྲིང་པ་ཚོས་ད་ལམ་ཇི་གསུང་བཞིན་པུ་ཏྲ་རང་ཡང་ཕེབས་པ་ལ་མཉེས་པོ་འདྲ་འདུག ཅེས་ཞུས། དེ་ནས་རྗེ་ཉིད་ཀྱིས་སྨུག་ཆུང་ཞལ་འབག་དང༌། ཨ་མེས་ཞབས་