R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༥༥
[A:༢༥༥]བྱུང་བ། འབུམ་ཐང་མཆོད་རྫས་སོགས་སུ་བཞུགས་པ་དེ་རྣམས་བཅུད་སོ་སོས་བཀང་བ་རིམ་བཞིན་བསྟར་ཏེ་རྟེན་དྲུང་འབུལ་བ་སོགས་ཕྱག་ལེན་རྣམ་དག་གི་སྒོ་ནས་མཛད་ཅིང༌། མཆོད་བསྟོད་གྲུབ་ནས་ཕྱི་བསྐོར་ལ་མེ་ཏོག་གི་ཆར་སྙིལ་བར་ཡབ་རྗེ་རཏྣའི་མཚན་ཅན་གྱི་སྐུ་ཐོག་གི་མཆོད་ཕྲེང་གཅིག་དང༌། རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་བསྐྲུན་པ་གཉིས་རྣམས་བཞི་ཐོག་ནང་ལ་སྒྲིགས། ནང་སོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྔོན་འགྲོའི་དྲིལ་གསིལ། རྔ་རོལ་དུང་སོགས་ཀྱི་སྒྲ་སྒྲོགས་བཞིན་དུ་ནང་སོའི་ཕྱི་བསྐོར། ཡར་ལམ་ཚོགས་ཆེན་དུ་རབ་སྟོན་གྱི་བཞུགས་ཁྲི་སོགས་བཀའ་འདོམས་སྔོན་གྲུབ་ལ་ཤིས་བརྗོད་ཀྱི་མེ་ཏོག་དང༌། ཚོམས་ཆེན་སྟེང༌། སྲིད་ཞི་དཔལ་འཁྱིལ་ཀུན་ར་སྐྱེད་ཕྲེང་སོགས་ནས་རིམ་པས་ལྷ་ཆེན་གློ་འབུར་ལ་འཕན་ནག་ཞལ་ཕྱེའི་དྲུང༌། སྣ་ལྔའི་མཆོད་གཤོམ་རྒྱས་པའི་མཐར་མཆོད་ཕྲེང་གིས་མཛེས་པར་བསྐོར་ཏེ། སྐྱབས་སེམས་ནས་བཟུང་ཤིས་བརྗོད་བར་མཛད་རྗེས། མཆོད་ཕྲེང་སོགས་ཚང་མ་འཕན་ནག་སྐུ་རྒྱབ་ནས་ལྷ་ཆེན་ནང་གི་ཞལ་ཆེན་ལྷོ། ཕུར་ཁང༌། ཁྱམས་སྟོད་སྐུ་གསུང་ཐུགས་རྟེན་རྣམས་ཀྱི་སྤྱན་སྔ་བརྒྱུད། ལྷ་ཁང་བྱང་ཞལ་ཆེན་བྱང་སོགས་ནས་མཐིལ་སྐོར་དུ་ཕེབས་ཏེ། མཆོད་ཕྲེང་གི་སྔོན་དུ་ཀོང་གཞས་པ་བཅས་རིམ་བཞིན་ཕྱི་བསྐོར་འཁོར་འཕྲལ། ནང་སོར་གསུང་བསྔོའི་ཐོག་མར་རབ་གནས་ཀྱི་བཤད་པ་དང༌། ཁྱད་པར་ནང་སོའི་རྟེན་གསར་རྙིང་གི་ལོ་རྒྱུས་གང་གི་དྲིན་ཅན་རྩ་བའི་བླ་མ། གོང་མ་ལྔ། སྔགས་འཆང་ཆེན་པོ། ཨ་མེས་ཞབས་རྣམས་གཙོ་བོར་སྨོས་