R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༦༡
[A:༢༦༡]བྱས། འབྲུག་སྐད་སྙན་པར་སྒྲོགས་པ་སོགས་སྔོན་འཕགས་ཆེན་དེ་ཉིད་ཀྱིས་ཆུ་མིག་ཆོས་འཁོར་གྱི་རྣམ་ཐར་ལས་འབྱུང་བ་དེ་སླར་ཡང་ཤར་བའི་ངོ་མཚར་དང༌། ཚེས་བཞིར་གསོལ་ཐབ་སྤོ་གནང་ཆབས་ཅིག་རྗེ་རྡོ་རྗེ་འཆང་གིས་དབུས་ཞལ་ངོ་རྣམས་དང༌། ཆོས་གྲྭ་རྣམ་གཉིས། དྲུང་འཁོར་ལྟོ་ཟན། ཤར་ནུབ་ཀྱི་མི་སྡེ། ཞེ་དྲུང་སོགས་ཁ་འཐོར་བར་རགས་བསྡུས་བཅས་གངས་ཉི་ཤར་ཙམ་ལ་གོང་འཁོད་ཚང་མ་གཟབ་བཞེས་ཀྱིས་རིམ་འདུས་དང་བཅས། སྐས་ཞབས་སུ་ཆོས་དུང་རིན་པོ་ཆེ་རྗེ་ཉིད་ཀྱི་ཕྱག་ཏུ་བཞེས། འཇམ་མགོན་སྐུ་མཆེད་ལ་ཚེ་དཔག་མེད་དང་བཀྲ་ཤིས་རྫས་རྟགས་ཀྱི་ཙཀླི་ཕུལ། ཞལ་ངོ་གཞན་རྣམས་ནས་ཕྱག་ཆ་གང་འོས། མཁན་པོས་ཐུབ་དབང་གི་སྐུ། ཕྱག་གཉེར་ནས་འདོད་འཇོ་མཚོན་ཕྱིར་བུམ་པ་ཉེར་ལྔའི་རྫས་ཀྱིས་བཀང་བ་ཁ་རྒྱན་མགུལ་ཆིངས་ཅན། དྲུང་འཁོར་ནས་ཕྱག་ཆ་གང་འོས། ཆོས་གྲྭ་བྱང་པས་རྡོ་དྲིལ་བུམ་པ་སོགས། ལྷོ་ནས་བཀའ་བསྟན་གླེགས་བམ། གཞན་བྱིངས་ནས་རང་རང་གི་བློས་དཔྱད་ཀྱི་ལག་ཆ་བཅས། ཆོས་དུང་རིན་པོ་ཆེའི་གསུང་གིས་ཐམས་ཅད་བསྐུལ་བར་མཛད་ནས། རྗེ་རྡོ་རྗེ་འཆང་ཉིད་ཐོག་མར་ཕེབས་ཤིང༌། སྔོན་ལ་བྱེའུ་ཆུང་ངུ་ཞིག་གྱེན་འགྲོའི་ཚུལ་གྱིས་བྱུང་བ་ནི། གཙུག་ལག་ཁང་ཆེན་པོའི་སྲུང་མས་བསུ་བ་མཛད་པའི་བརྡ་དང༌། དེ་ཚེ་རྗེ་ཉིད་ཀྱིས་འཕགས་པ་རིན་པོ་ཆེའི་གསུང་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤླཽ་ཀ་བཅུ་དང༌། གཙུག་ཏོར་དྲི་མེད་ཀྱི་དཀྱིལ་ཆོག་ནས་འབྱུང་བའི་རྨི་ངན་འཇིག་དང་ཞེས་པ་ནས། ནོར་