R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༦༩
[A:༢༦༩]འཛིན་སྔགས་རྒྱས་བསྔོ་གནང༌། དེ་དུས་ཀྱི་ནད་བདག་གྲྭ་པ་ལུས་སྟོད་ཤུ་བས་གང་བ་ཞིག་དང༌། བུད་མེད་འོ་ཟོ་ཁྱེར་བ་གཉིས་རྗེ་ཉིད་ཀྱིས་དངོས་སུ་གཟིགས་ཏེ། བཀའ་ལས་ནད་རིམས་དང་བྱང་འབྲོག་ཁྲོད་ལ་ཕྱུགས་ཁ་མི་གཙང་བ་འདི་གཉིས་ཀྱི་ཆོ་འཕྲུལ་ཡིན་འདུག་པས་ད་སྐྱོན་ཡོང་བ་མེད་གསུངས། འཛམ་བུའི་གླིང་འདིའི་ཕྱི་རོལ་བདེ་བ་ཅན་གྱི་ཞིང་གི་ཤར་ཙམ་དུ། རི་ལུང་ཁང་བཟང་ཟས་ནོར་སོ་སོའི་འདོད་པ་བཞིན་དགོས་དགུ་འབྱུང་བ་ཞིག་ཏུ་རྫོང་གནང་གི་སྤྱན་དམིགས་བརྟན་པོ་དང༌། ཉིན་རེ་བཞིན་ལྷ་ཆེན་རྩེ་ནས་ཕྱོགས་བཞིར་སྦྱངས་ཁྲུས་མཛད་པས། ཡུལ་ངན་གྱིས་དཔོན་སློབ་ཀུན་འདར་བུན་གྲང་འབུར་ཅན་དུ་གྱུར་ཀྱང༌། བདག་བས་གཞན་གཅེས་བྱང་ཆུབ་སེམས་དཔའི་རྣམ་ཐར་གྱི་ངང་ནས་ཐུགས་རུས་མཛད་ཅིང་རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱི་རི་ཁྲོད་མའི་ཐོག་རི་བྱ་སྡེར་མ་སོགས་ཕྱི་སྐོར་ཐང་འགའ་ཞིག་ཀྱང་སྔ་ཕྱིར་གནང༌། དེ་ནས་བཟུང་རྒྱལ་ཁམས་སུ་འགོ་ནད་མི་འབྱུང་བའི་ཐབས་མུ་སྦྲེལ་དུ་མཛད། དབོ་ཟླ་ནང་འདོད་ཁམས་དབང་མོ་རྗེ་ཁོལ་གྱི་མདོས་ཆོག་བསྟན་འགྲོ་སྤྱི་སྒེར་གྱི་རིམ་གྲོར་ཆེད་དམིགས་དང༌། ནག་ཟླ་ནང་ས་སྐྱར་མི་རྩིས་ཤིག་བྱུང་སྐབས་རྗེ་རྡོ་རྗེ་འཆང་ཡབ་སྲས་ནས་མགུལ་ཆམ་ཞིག་ཀྱང་བཞེས། སྣྲོན་ཟླའི་མདོ་སྡེ་ལྷ་མཆོད་ཐོག་བསམ་ཡས་ཆོས་སྐྱོང་གི་ལུང་ཡིན་ཚུལ་གྱིས། རབ་གྲྭ་ཞ་སེར་དུ་བསྒྱུར་དགོས་ཀྱི་མགོ་ཟུག་ལ་རྗེ་རྡོ་རྗེ་འཆང་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་ལུང་དང་སྦྱར་ཏེ་རང་རང་གི་ལུགས་བཞིན་གྱིས་བསྟན་པ་ཕན་སླེབ་ཆེ་བའི་མཐའ་