R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༧༤
[A:༢༧༤]ཆེ་ནས། སྔར་ཡང་ལྷ་ཁང་བླ་བྲང་དུ་ཐུབ་སྐུ་ཁྱད་ཅན་ཞིག་འབྱོར་ཞིང༌། ད་དུང་འབྱོར་རྒྱུ་ཞིག་གཞན་ནས་གདན་སར་ཞུས་ཚོད་འདུག་ཀྱང་ལན་མ་གནང་བས་མ་འབྱོར་གསུངས་པ་ལ། རྗེ་ཉིད་ཀྱི་དགོངས་པར་ཡང༌། སྔར་ནས་ཐུབ་སྐུ་ཞིག་སེར་ཕྲེང་སོགས་ཀྱིས་དྲངས་པ་ཡིན། ད་དུང་འབྱོར་ཚེ་དེ་བཞིན་གྱི་དགོངས་མུར་ཐུབ་སྐུ་དེ་འབུལ་མི་ཡིན་རྒྱུའི་མུས་ཕྱོགས་ནས་དགེ་སློང་བུད་མེད་ཀྱི་ཆས་ཅན་ཞིག་འདུག་པར། བཀའ་ལས་སྤྱིར་དགེ་སློང་གི་སྐྱ་ཆས་དང༌། བྱེ་བྲག་བུད་མེད་ཀྱི་ཆས་འདི་འདྲ་གླང་དར་མའི་དགེ་སློང་ཡིན་འདྲ་གསུངས་པས། ངེད་ལ་དགོས་གལ་ཞིག་བྱུང་ནས་བྱས་པ་ཡིན་ཟེར་བར། འདོན་པ་ཅི་ཤེས་དྲི་བར་མཛད་ལན། མ་ཎི་ལས་མི་ཤེས་ཟེར་བས་རྫུན་ཡིན་དགོངས་ནས། ཁྱེད་རང་མཚན་བརྗོད། བཟང་སྤྱོད་ལྟུང་བཤགས་རྣམས་སྤྱིར་འདོན་པ་དང༌། བྱེ་བྲག་རང་རེའི་ལུགས་ལ་གོང་མ་ལྔ་བསྟོད་མེད་ན་མི་རུང་བས་ཐོན་གསུངས་པས། རྩོད་པ་བགྱིད་རྩིས་ཀྱིས་གོང་མ་ལྔ་ཅི་ཡིན་ཟེར། དཀར་པོ་རྣམ་གསུམ་དང་ཆོས་རྗེ་ཁུ་དབོན་ཡིན་གསུངས་པས་མགོ་གུག་གུག་བྱེད་མུར་འོད་གསལ་འབྱམས་པ་ཞིག་འཁྲུངས་པས། བཀའ་ལས། ད་ལྟའི་མཁན་པོ་དང༌། སླད་ནས་འབྱོན་འགྱུར་ཞིག་ཀྱང་ཁྱད་མཚར་ཡོད་ངོར། གདན་ས་རང་ནས་འགྲིག་མིན་བྱུང་དོགས་བཅས་མ་འོངས་ལུང་བསྟན་འདྲ་ཞིང༌། བུད་མེད་ཀྱི་ཆས་བགྱིས་པ་གབ་ཚིག་བཟང་ངན་དབྱེ་དཀའ་གསུངས། ཡང་ཚེས་བདུན་གྱི་ཐོ་རེངས་སྔགས་འཆང་ཆོས་ཀྱི་རྒྱལ་པོས་བྱས་འགྱུར་ནས་གསུང་ཆེན་པོའི་སྒོ་ནས་གསུང་