R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༧༧
[A:༢༧༧]བཅུ་དགུར་དར་མདོ་ཕ་སྒར་དང་ཆུ་འབུམ་བླ་མ་གཉིས་ཀྱི་འབུལ་བཞེས་ལ་ཚོགས་དབུར་ཕེབས་ཤིང༌། འདིས་མཚོན་སྔ་ཕྱི་ཀུན་ཏུ་འབུལ་བཞེས་ཚོགས་ཕེབས་མཛད་པ་མང་ངོ༌། ། དགུང་གྲངས་ཞེ་ལྔར་ཕེབས་པ་ཆུ་སྦྲུལ་ལོར་སྐུ་འཕྲང་ཤིན་ཏུ་འཚུབ་པ་ཡོད་ཐོག བོད་ལོ་གསར་བ་ནས་བཟུང་ལོ་གང་ཕྱིར་ཕེབས་སྤངས་ཏེ། སྐུ་ཚེའི་ཆོ་ག་ཚུགས་འཕྲལ་ཞིག་ཏུ། ཟེའུ་ལྷ་ཁང་འདྲ་མོ་ཞིག་ནས་ཚེ་དཔག་མེད་ཀྱི་སྐུ་ཆེ་ཆུང་སྣ་ཚོགས་ཤིག་རྙེད་པ་འཁྲུངས་པ་དང་མཉམ་དུ། འཇམ་མགོན་དབང་གི་མཚན་ཅན་གང་ལའང་གཙུག་ཏོར་རྣམ་རྒྱལ་གྱི་སྐུ་ཞིག་དང༌། ཡང་རྒྱལ་ཟླའི་ནང་ཞིག་ལ་སྐུ་པར་མང་པོ་ཞིག་གི་ཁྲོད་ནས་ཚེ་དཔག་མེད་ཀྱི་སྐུ་པར་གསལ་བ་རྣམས་རྙེད་པ་འཁྲུངས་པ་ནི། སྐུ་ཚེའི་འཕྲང་ལས་གྲོལ་ནས་བསྟན་འགྲོའི་དཔལ་མགོན་དུ་ཡུན་རིང་འཚོ་ཞིང་གཞེས་པའི་བརྡར་ནེམ་ནུར་དང༌། ཡང་དབོ་ཟླའི་ཚེས་གཅིག་ཐོ་རེངས་གངས་རི་ཆེན་པོའི་ཁྲོད་ནས་འབྲས་དཀར་ཁལ་དུ་མ་ཞིག་རྙེད་པ་གནང་མུར། ལྷོ་རང་གི་ལམ་ཡིན་དགོངས་པ་ཞིག་ཤར་བ་ནི། དེ་དུས་བསྟན་གསོལ་གནང་མུས་ཡིན་པ་བཞིན། ཇོ་མོ་ལྷ་རིའི་ཆོ་འཕྲུལ་ཞིག་ཡིན་འདྲ་གསུངས། དེ་ནས་བཟུང་རྒྱུན་རིང་བར་ལྗོངས་འདིས་མཚོན་འཛམ་གླིང་སྣོད་བཅུད་སྤྱི་དང༌། བྱེ་བྲག་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ཞབས་པད་བརྟན་ཕྱིར་བསྟན་སྲུངརྒྱ་མཚོར་འཕྲིན་འཆོལ་དང༌། དེ་དག་དཔལ་དང་གཟི་འབར་དུ་བསྐྱེད་དེ་ལྷ་བསངས། བསྟན་གསོལ། འགོ་ལྷ། དགྲ་ལྷ། སྡེ་བརྒྱད་ཆ་