R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༧༨
[A:༢༧༨]སྙོམས་བཅས་ཆག་མེད་མཛད་སྐབས་ཤིག རྒྱལ་ཚབ་མཆོག་ནས་མགོན་ཁང་རྣམས་སུ་འཕྲིན་གསོལ་སྙན་ཤལ་སོགས་བསྩལ་བ་བཞིན་རྗེ་ཉིད་ཀྱི་ཐུགས་སྨོན་དང་བཅས་ཇི་བཞིན་བཀའ་ཡིས་འདོམས། ཡང་ཚེས་གཉིས་ཀྱི་ཐོ་རེངས་ཆོས་ལྷུན་དབུ་བྱེད་བྱམས་པ་ཡིན་སྙམ་པ་ཞིག་ནས། བྱམས་པ་མཆེད་ལྔའི་ཡ་གྱལ་ཆོས་ལྷུན་བྱམས་སྐུའི་ལོ་རྒྱུས་རྗེ་རྡོ་རྗེ་འཆང་ལ་ཞུ་མུར། རབ་གནས་དུས་བྱམས་པ་དགེ་སློང་རྣམ་པས་ལྷུང་བཟེད་ཆུས་གང་བ་བསྣམས་པ་ཞིག་ཐིམ་ཟེར་བ་དང༌། ཤོག་དྲིལ་ལོ་རྒྱུས་ཀྱི་ཡི་གེ་ཡོད་པ་ཞིག་ན། དེ་མར་པ་མི་ལ་ཞལ་གཟིགས། བརྒྱུད་པའི་རྩ་བ་ས་ར་ཧ། ཏཻ་ལོ་པ་རྣམས་ཀྱང་གཟིགས་ཤིང་ཁྱད་པར་འགྲོ་མགོན་འཆི་བདག་གི་འཇིགས་པ་ལས་ཐར་ཟེར་བ་ཞིག་འཁྲུངས་པ་ནི། ཞེ་ལྔའི་སྐུ་འཕྲང་འཚུབ་མ་ལས་གྲོལ་ཞིང༌། སྐུ་ཞི་བར་ཐིམ་དུས་ཀྱི་ལུང་བསྟན་ཞིབ་གསལ་དུ་གོར་མ་ཆག་དེ་ལོ་རྒྱལ་ཚབ་དེ་མོ་རིན་པོ་ཆེ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོས། ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གནྔྷོ་ལ་ཆེན་པོར་ཞིག་གསོས་ཀྱིས་མཚོན། སྤྱི་སྒོས་བསྟན་འགྲོའི་བདེ་ཐབས་ལ་ཆེད་དུ་དགོངས་པའི་རིམ་གྲོའི་ཐེབས་སུ་དངོས་འབྱོར་གྱ་ནོམ་པ་བསྩལ་བ་བཞིན། ཆོས་དུང་རིན་པོ་ཆེ་གསུང་བསྐུལ་གྱིས་མཚོན་མཛད་སྒོ་ཀུན་གང་འཚམས་ཡེ་ཤེས་གཟིགས་པས་གནད་སྨིན་གནང༌། ས་གའི་ནང་དགོངས་ཉུལ་ཞིག་རྗེ་ཉིད་ཐུགས་དམ་ལ་བཞུགས་མུར། རྒྱུ་མཚན་མེད་པར་སྐུ་ཤིན་ཏུ་ཉོག་ཉམས་ཀྱིས་ཐུགས་སྣང་ནུབ་པ་ལྟ་བུ་གྲུབ་འཕྲལ། གཞུང་ཞབས་ནས་བསམ་ཡས་སྐུ་རྟེན་སྐོར་གྱི་ཆིབས་ཟམ་