R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༣
[A:༢༨༣]ཕོར་པ། སྦྱངས་ཆས། གཏོར་ཏེབ་གསུམ་དུ་མཐེབ་ཀྱུ་ཁ་ཕྱི་བསྟན་སུམ་ཅུ་བརྩེགས་སྟེང་གྱེན་བསྟན་གསུམ་སྒྲོལ་མ་གཅིག་ལ་ལྷག་གཅིག་བཅས་བརྒྱ་ཚར། སྣོད་འབྲས་བུས་བཀང་སྟེང་རིགས་ལྔའི་རྩེ་ཕྲན་དར་དཔྱངས་བཅས་གསུམ་བཀོད་མཐར། དངུལ་གྲུབ་བཀྲིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། ཙཀླི་ཚར་རེ་ཐོགས་པའི་བན་ཚང་གསུམ། དངུལ་བུམ་རྫས་ལྡན་མགུལ་འཆིང་ཁ་རྒྱན་བཅས་ཐོགས་པ་ཡང་གསུམ། མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཚན་ཁྱེར་མི་གསུམ། དམ་པ་གོང་མའི་ཕྱག་དྲིལ་སྨྱོན་དུ་གྲགས་པ་ཆེ་ཆུང། ཀླུ་དབང་གི་ཕྱག་དྲིལ། ཐོད་རྔ་། འཐོར་ནས། ཀཱ་པཱ་ལ་བདུད་རྩི། ཏིང་ཤགས་བཅས་ཡོད་པའི་བན་ཚང་གསུམ། སྣམ་སྦྱར་ཕྲག་པར་གཟར་ཞིང་ལྷུང་བཟེད་སྤྱི་བླུགས་ཐོགས་པ་གཅིག གསོལ་དཔོན། སྤོས་སྣ་བ། ཡུམ་མཆོག་སོགས་ཞལ་ངོ་བྱིངས་ཕྱག་འདེགས་བཅས་དང། དེ་ནས་སྐྱབས་མཆོག་འཇིག་རྟེན་སྒྲོན་མེ་ངེས་དོན་གྱི་རྡོ་རྗེ་འཛིན་ཉིད་ཀྱི་སྐུ་འཁོར་རྣམས་དང་བཅས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཆོས་འཁོར་ལ་འདུ་བ་བཞིན་ཆ་ལུགས་དང་སྤྱོད་ལམ་བཟང་ཞིང་དུལ་བའི་སྒོ་ནས་ཕེབས་ཤིང། སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ཁྱམས་སྟོད་དུ་སྦྱངས་ཁྲུས། བགེགས་སྤྱོད་སོགས་དང། དེ་ནས་རྗེ་རྡོ་རྗེ་འཛིན་ཉིད་ཀྱིས་ཨོཾ་ན་མོ་བྷྲུཾ་ཨཱཿ་ཡུརྫྙན་ཧྲཱིཿཨ་རོ་ལི་ཀ་ཧཱུྃ་ཧྲཱིཿཅེས་མ་འོངས་སྲིད་མཐའི་བར་དུ་འབྱོར་འགྱུར་དང་བཅས་པའི་གདུང་རྒྱུད་རིན་པོ་ཆེ་གསེར་ཁྲི་འདིར་མངའ་གསོལ་ཇི་སྙེད་གྱི་སྐུ་ཚེ་བདེ་ལྡན་མགོན་པོའི་ངོ་བོར་བྱིན་གྱིས་