R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༣
[A:༢༣]ཀྱིས་རྫུ་འཕྲུལ་གྱིས་སྤོས་རེང་ཞིག་ཞལ་བར་བཙུགས་སྟེང་སྐུ་ལུས་ཀྱི་ལྗིད་རེང་བུར་བཀལ་ཏེ་བཞུགས་པས། སྐུ་མཆེད་ཟུང་ཧ་ལས་པར་གྱུར་པའི་ཚེ་ཅི་ཡང་མ་གསུངས་ཤིག་བཀའ་བསྩལ། ཅེས་ཨ་ཎི་དྲུང་འདིའི་གསུང་ལས་ཡང་ཡང་ཐོས། དགུང་གྲངས་བརྒྱད་དུ་ཕེབས་པ་མེ་འབྲུག་ལོར་ཕུར་སྒྲུབ་ཀྱི་ཐུགས་འཛིན་རྣམས་སྔོན་དུ་སོང་ནས་ཐོག་མར་ཕེབས་ཤག་མཛད་ཀྱང༌། ཡབ་རྗེ་མཆོག་ནས་ཕུར་སྒྲུབ་ཚུལ་ཉེར་སྒོ་རུམ་དུ་བརྟག་བསྒྲིལ་མཛད་པས་མ་ཐོན་པ་ནི། དེ་ལོ་ལྷ་ཆེན་ཁྱམས་སྟོད་ཨག་གླེན་ནམ་ཨང་ལན་ཀ་བརྒྱད་ཡ་གྱལ་གསུམ། ཉེན་གཅོང་དོགས་གནས་གང་ཡང་མེད་བཞིན་དུ་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གློ་བུར་རྡིབ་གཞོམ་བྱུང་བས། ཐོག་མའི་ལ་ཉེ་དེ་ལྟར་མི་རུང་བ་འཕུར་ཤེས་མ་ཧཱ་ཀཱ་ལས་དགོངས་ཏེ་མ་གནང་བར་འཁུམས་སོ། དེ་ཙམ་ནས་བཟུང་སྔགས་འཆང་ཆོས་ཀྱི་རྒྱལ་པོས་མཛད་པའི་བྲག་རྫོང་མ་མཆན་བུ་བཅས་ཐུགས་ལ་ཟིན་ནས་ཞལ་འདོན་ཆག་མེད་ཀྱིས། ཉིན་ལྟར་ཡི་གེ་བདུན་མ་སྟོང་ཕྲག་རེ་དང༌། སྔགས་འཆང་ཨ་མེས་ཞབས་ཀྱི་སྐུ་བསྟོད་ཤླཽ་ཀ་བརྒྱ་ཚར་ཆག་མེད་མཛད། དེ་ནས་ཡབ་རྗེ་མཆོག་སྐུ་འཁོར་རགས་བསྡུས་བཅས། གཞིས་རྩེར་རྒྱལ་བ་ཡབ་སྲས་མིའི་དབང་པོ་བཅས་ཞལ་རྒྱས་ཐོག་མཇལ་ཕྱག་བཀའ་དྲིན་ཆེ་ནས་སྨིན་དྲུག་ཟླ་ནང་གདན་སར་ཕེབས་སྐབས་ཀྱི་བཅའ་སྒྲིག་རྣམས་སྔར་སྲོལ་བཞིན་དང༌། རྗེ་རྡོ་རྗེ་འཆང་ཉིད་ཨ་ལྕེ་དྲུང་ཟུང་བཅས་ནས་བླ་བྲང་ཟམ་སྣེར་ཕེབས་བསུ། མཇལ་དར་བསྟར་བ། བྱིན་རླབས་ཞུ་བ་སོགས་མཛད་ནས། རིམ་གྱིས་གཟིམ་