R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢
[A:༢༢]ཚགས་མཛད་ཅིང༌། ཡབ་རྗེ་མཆོག་ནས་ཀ་ཕྲེང་སོགས་འབུལ་གནང་སྐབས་ཚེགས་མེད་དུ་མཁྱེན་པ་སོགས་ཐུགས་རབ་ཀྱི་བདག་པོར་མངའ་གསོལ་གྱི་སྒོ་དང་པོའང་འདི་ནས་དོད་དེ། ཇི་སྐད་དུ། ཆོས་ཀྱི་མ་མོ་མ་བསླབས་ཐུགས་སུ་ཆུད། །ཅེས་པའི་གྲས་སུ་ཞུགས་ཤིང༌། དེ་སྐབས་ཡབ་རྗེ་མཆོག་གིས་མཚོན་ལེགས་པོའི་རྟེན་འབྱུང་གྲས་གྲ་ཏོག་གསེར་གསུམ་གྱི་གླེགས་བམ་ཕྱག་ཏུ་སོན་པ་ནི། རྒྱལ་བའི་བཀའ་མདོ་རྒྱུད་དགོངས་འགྲེལ་མན་ངག་དང་བཅས་པའི་བདག་པོར་འགྱུར་བའི་འབད་མེད་ལྷུན་གྲུབ་ཀྱི་རྟེན་འབྲེལ་དུ་གདོན་མི་ཟ་བས། རྗེ་རྡོ་རྗེ་འཆང་ཉིད་ཀྱང་འདི་ལ་དེ་དུས་སུ་རྟེན་འབྲེལ་བཟང་པོ་ཡིན་ནམ་དགོངས་པ་འཁྲུངས་པ་དོན་གནས་སུ་ཤེས་ལྡན་གཟུར་གནས་ཀུན་གྱིས་མཁྱེན་གསལ་ལྟར་ལགས། ཞག་ཤས་ནས་གནས་སློབ་བཟོད་པ་བཀྲ་ཤིས་ཀྱིས། སྐུ་ཞབས་རིན་པོ་ཆེར་ཐུགས་བྲེལ་སྟབས་གདུང་རྒྱུད་རིན་པོ་ཆེར་སྐུ་ཡོན་ཁོ་བོས་ཞབས་ཕྱི་ཞུས་ན་གསུངས་བ་བཞིན་ཞལ་བཞེས་བསྩལ་བས། བཞུགས་གཡབ་ཤར་དུ་སྒེར་ཆོད་གནང་སྟེ། རྟེན་ཁྲི་དེར་བརྟེན་བཅས་སྒྲོས་ལྡན་ཆུང་ངུ་དང༌། རིག་འཛིན་བླ་རྒྱུད་སྨན་ཐང་པའི་ཕྱག་བྲིས་མ་འགྲེམས་པར་མཛད་དེ། སྔ་དྲོར་ཐུགས་གཉེར་ཕུར་སྒྲུབ་སོགས་འཁྱུག་ཙམ་གྱིས་བདེ་བླག་ཏུ་ཁོང་དུ་ཆུད། དེ་ནས་ཡབ་རྗེ་མཆོག་གིས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་རེ་དང༌། ས་སྐྱ་བཀའ་འབུམ་ལྗགས་ལུང་ཐུན་རེ། ཕྱི་དྲོར་སྐྱོར་སྦྱོང་ཕྲན་བུ་རེ་མཛད། འདི་ཙམ་ཞིག་ལ་རེ་ཞིག་རྗེ་རྡོ་རྗེ་འཆང་ཉིད་ཨ་ལྕེ་དྲུང་ཟུང་བཅས་གནས་བཅུར་བཞུགས་སྐབས་ཤིག་རྗེ་ཉིད་