R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༤
[A:༢༤]ཆུང་དུ་དགའ་སྤྲོའི་དཔལ་ལ་ལོངས་སྤྱོད་པར་གནང༌། མི་རིང་བར་ཀུན་རྫོབ་ལྟར་སྣང་དུ་བེག་གེའི་སྙུན་ལྕི་བ་འདོགས་བཅས་བཞེས་གནང་སྐབས། ཡབ་རྗེ་མཆོག་ནས་བཀའ་དབང་རྗེས་གནང༌། བྱབས་ཁྲུས་ལྗགས་ཆུ། སྐུ་གླུད་རྫོང་ཆོག་སོགས་མཛད་པས་གེགས་མེད་སྙུན་ལས་གྲོལ་བའི་ཚུལ་བཞེས་སོ། ། དགུང་གྲངས་དགུར་ཕེབས་པ་མེ་སྦྲུལ་ལོར་རྗེ་ཉིད་ཀྱིས་དཔལ་ས་སྐྱའི་ཡབ་ཆོས་གྲས། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྗགས་བསྙེན་ཟླ་གཅིག་དབང་ཁང་བདེ་ཆེན་སྨིན་གྲོལ་བདེ་ཆེན་དུ་གྲངས་བསྙེན་མཐར་ཕྱིན་མཛད་སྐབས། ལྷོ་ཕྱོགས་ནས་འདི་ཡིན་མེད་པའི་སྒྲ་ཕིར་མང་པོ་ཞིག་དང་འོད་འཁྱུག་འཁྱུག་བྱུང་བས་ཅི་ཡིན་དགོངས། རབ་གསལ་དེར་གཟིགས་པས། སྤྲིན་ནག་གི་ཁྲོད་ན་གུར་ལྷ་བརྒྱད་ཡོངས་རྫོགས་བྱ་ནག་ཐམས་ཅད་ཀྱི་ཁ་ནས་སྒོག་ཉག་རེ་རེ་ཐོགས་པ་ཞིག་འཁྲུངས། གཞན་ཡང་རྗེ་བཙུན་རིན་པོ་ཆེའི་གཟིགས་སྣང་བྱུང་བའི་ཚུལ་འབུམ་ཐང་ལྡེབ་བྲིས་ལ་གསལ་བ་བཞིན་དང༌། དེ་ལོ་སྐྱབས་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཕུན་གླིང་དུ་ཐོག་མར་ཕེབས་སྐབས། དྲུང་འཁོར་གྱིས་གཞས་སོགས་ཀྱིས་བསུ་བ་དང༌། སྐབས་ཤིག་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་ནས་སྐུ་མཆེད་བཅས་ལ་ཚེ་དབང་ཞིག་སྩོལ་དུས། ཚེ་བུམ་ཟན་གྲུབ་མ་དེ་ལས་འཆི་མེད་ཚེ་ཆུའི་རྒྱུན་དངོས་སུ་ཕེབས་པའང་ཡབ་རྗེ་མཆོག་ལ་ཉུང་ངུ༌། རྗེ་རྡོ་རྗེ་འཆང་ལ་མང་ཙམ། འཇམ་མགོན་གཅུང་རིན་པོ་ཆེ་དང་ཡུམ་