R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༤
[A:༢༩༤]ལྕང་སྐྱ་རྡོ་རྗེ་འཆང་གི་སྐུ་མདུན་པ་མདུང་ནག་ཞབས་དྲུང་འབྱོར་རྒྱུའི་ཐོ་རེངས། རྗེ་རྡོ་རྗེ་འཆང་ཉིད་དབང་ཁང་ན་གནས་གསར་རྡོ་རྗེ་འཆང་ལ་བཀའ་ཆོས་ཞུ་མུར། མངྒ་ལ་ཀླུ་ཊའི་སྒྲ་སྒྲུབ་དང་བཅས་གསུང་བཤད་རྒྱས་པ་ཞིག་མཛད་པ་འཁྲུངས་པས། དེའི་དོན་ནི་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཡིན་ནོ། །ཚེས་དྲུག་པཱ་ཤེལ་འགྲུབ་སྦྱོར་ཉིན་གཟིམ་ཆུང་གཏོར་སྤོད་སྐབས། གང་གི་རིགས་སྲས་དམ་པ་འཇམ་མགོན་གཞོན་ནུར་གྱུར་པ་ནས་ད་ནང་བཀའ་བཞི་ཐུགས་སུ་ཆུབ་པས་ད་དཔེ་འཛིན་ཇི་འདྲ་ཡོང་བཀའ་བསྩལ་བར་བསྐུལ་བས། ཐུགས་རྗེ་ཆེ། ད་ལྟ་རང་གསལ་ཞིག་དགོས་གསུངས་ཤིང། ཐུགས་ལ་གློ་བུར་དུ་སྤྲེལ་ལོའི་དབྱར་ཆོས་ལ་གསུང་བཤད་གནང། དེ་ནས་གསེར་འཕྱང་མཆུ་ཟླའི་ནང་གཞན་ཡང་ཡོད་འདྲ་དགོངས་པའི་ཐུགས་སྤྲོ་དང་བཅས། གཙུག་ཏོར་རྣམ་རྒྱལ་གྱི་བསྒོམ་བཟླས་གྲུབ་མ་ཐག་ལྷའི་ང་རྒྱལ་བརྟན་པོས་ཡབ་སྲས་ཡུམ་བཅས་ནས་ཟབ་བཞེས་དང་བཅས། སྐུ་གསུང་ཐུགས་རྟེན་བཟང་དགུ་འཛོམ་པའི་སྤྲོ་ཟས། མགུལ་དར་སོགས་སྟོབ་པར་སྐུ་ཡོན་ཁང་དུ་ཕེབས་ལམ་འཆར་ཅན་དར་འགྱེད་གྲབས་གཤོམ་སྐྱ་འཁྱིལ་དང་རྩེ་ལྷ་བསངས་གྲོལ་བའི་ལྷ་རྒྱལ། མདུང་དར་ཁྲ་རོག་གེ་ཡོད་པ་སོགས་རྟེན་འབྲེལ་བཟང་པོ་དང་བཅས། རྒྱལ་སྲས་ལམ་བཟང་བསྩལ་ཏེ་ཐུགས་འཛིན་གནང་ཞིག་པར་ཤིས་བརྗོད་ཀྱི་མེ་ཏོག་དང་བཅས་ཕུལ། དེའི་ཚེ་མཛོད་འཛིན་ལ་གོང་གི་གནས་ཚུལ་རྣམས་དང། ལྷག་པར་བསྟན་དོན་གལ་པོ་ཆེའི་སྐོར་ཕྱག་བྲིས་ཐོག་ནས་གནང་བའི་བཀའ་གྲོལ། མདུང་ནག་ཞབས་