R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༥
[A:༢༩༥]དྲུང་དགེ་བཤེས་བཅོས་མེད་ནས་མཎྜལ་གོས་དར་སོགས་དངོས་པོ་བཟང་དགུ་དུ་མ་དང། ལྷག་པར་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཤོག་གནང་རྟེན་བཟང་པོས་སྤ་བའི་གསུང་ཚིག་ཏུ། ཐུབ་བསྟན་གསལ་བར་བྱེད་པའི་སྒྲོན་མེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཞེས་སྙན་པར་གྲགས་པ་གང་དེའི་ཞབས་དྲུང་དུ། ཞེས་དང། བཀྲ་ཤིས་ཀྱིས་མཚན་པའི་དུས་ཀྱི་ཆར་ཡང། འགྲོ་བ་ཡོངས་ཀྱི་དཔལ་རྨད་དུ་བྱུང་བ་གཟུགས་སྐུའི་དཀྱིལ་འཁོར་དྭངས་ཤིང། མཛད་ཁྱབ་བཟང་པོ་འགྲན་བྲལ་གྱི་རིང་ནས། ཞེས་སོགས་ཀྱི་ཚིག་སྒྲ་སོགས་ཆེད་འདོན་མཛད་རྒྱུའི་ཐོག་མའི་དགེ་ལྟས་དང། ཞབས་དྲུང་དེར་ངོར་ལུགས་རིག་བྱེད་ཐུན་མོང་མ་ཡིན་པའི་རྗེས་གནང་དང། སྦྱིན་སྲེག་ཡིག་ལུང། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་དང། རྗེ་ཉིད་ཀྱི་ལྗགས་རྩོམ་རིག་བྱེད་མའི་སྒྲུབ་ཐབས་རྗེས་གནང་ལུང། བྱིན་རྟེན་སོགས་རེ་བའི་ཡོལ་གོ་བཀང་ཞིང། དེའི་ཞབས་གྲས་བུ་མོ་ལོ་བཅུ་གཅིག་མ་དེ་བྲོ་ཚར་བར་རྗེ་ཉིད་ནས་བཀའ་བསྒོ་བསྩལ་འཕྲལ་ནད་ལས་གྲོལ་བས། ཁོང་རྣམས་དད་གུས་ཆེ་བ་ལས་ཀྱང་ལྷག་པར་ཆེ་བར་གྱུར་ཏོ། །སྔོན་གྱི་མཁས་པས། ཆོས་དམ་ཚིག་གཙང་ན་དངོས་གྲུབ་མྱུར། ཅེས་འབྲེལ་ཚད་དོན་ལྡན་དེ་ཉིད་ཀྱི་བྱིན་རླབས་ཀུན་འཇུག་ཀྱང། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དེ་དང་དུས་མཚུངས་ནོ་མིན་ཧན་ཐོན་དར་རྒྱས་ཀྱི་མཆོད་གནས་ཞ་ལུ་པའང་འབྱོར། རྟ་ཟླ་ཚེས་བཞི་ནས། བཀའ་འགྱུར་རིན་པོ་གསུང་སྒྲོགས། ཚེ་ཆོག མགོན་