R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༤
[A:༣༠༤]ཐུགས་རྗེར་འཁུམས་ཤིང། ལོ་སྔོན་མ་དང་དེ་ལོ་གཉིས་ཆར་ལ་རྒྱབ་རི་དཔོན་པོ་རིར་མཚན་ངན་བསྟུད་མར་བྱུང་བ་རྣམས་ཞི་ཕྱིར། རིན་ཆེེན་སྒང་གི་ལྟག་ཏུ་འོད་ཟེར་ཅན་མའི་སྦྱིན་སྲེག་སོགས་བཟློག་ཐབས་མང་དུ་མཛད། ཚེས་གཉིས་ལ་ནང་སོའི་རྟག་གཏོར་ཞལ་འབྱེད་ལ་ཕེབས་དུས་གཏོར་སྒམ་ཆེན་མོ་བཀོད་ལེགས་འགྲོ་ཡུལ་བཀས་འདོམས་ཚེས་གསུམ་ལ་དབུ་རྩེར་འཆམ་སྐུ་དྲེགས་པ་ཟིལ་གནོན་ལྕམ་དྲལ་དམ་ཡེ་དབྱེར་མེད་དུ་བྱིན་རླབས་དང་མཐུ་སྟོབས་ཀྱི་བདག་པོ་མངའ་གསོལ་མཛད། དེ་ནས་ས་སྐྱའི་གདུང་རྒྱུད་ཁྲི་འདོན་དུས་ཕྱིས་ཇེ་རྒྱས་སུ་སོང་གྲས། དུས་མདོས་ཆེན་མོ་རྒྱལ་ཟླར་འགྱངས་པའི་ཚེས་འགོར་གཏོར་སྤོད་དང་སྦྲགས་མགོན་ཁང་ཁག་བཞིར་བདུད་འདུལ་ཕུག་བཅས་ལ་སོ་སོར། རུ་མཚོན་གསར་བཞེངས་རེ་དང། བདུད་འདུལ་ཕུག་མིན་པར་ལྷ་མདུང་རེ། དེ་རྣམས་སུ་ཐུག་ཆོག་རྒྱས་པ། དེ་ནས་ཕུར་ཁང་ཐུབ་ཆེན་སྐུ་མདུན་དུ་དུས་མདོས་གཟབ་མའི་འཆམ་ཆས་རྣམས་གོ་རིམ་བཞིན་ལེགས་པར་བཤམས་ནས་རྗེ་ཉིད་ཀྱི་ཕྱག་ནས་དང་། འཆམ་སྐུར་བན་ཚང་པའི་འཁོར་ཚོགས་དང་བཅས་མགོན་པོའི་རབ་གནས་སྨིན་རྒྱས་མཛད་པའི་ཚེ། རྗེ་ཉིད་ཀྱི་གཟིགས་སྣང་ལ། འཆམ་མགོན་གཉིས་ཀྱི་ཞལ་གཉེར་ཞིང་སྤྱན་འཁྱུག་པ་སོགས་ཡེ་ཤེས་སེམས་དཔའ་བྱོན་རྟགས་གསལ་པོར་འཁྲུངས། དེ་ནས་མདོས་ཟབ་དངོས་གཞི་དང་གདུང་སྲས་སྐུ་མཆེད་ཁྲི་འདོན་ཆེན་མོ་ཟབ་རྒྱས་རྒྱ་ཆེར་མཛད་པ་རྣམས། འོག་ཡབ་རྗེ་དབང་སྡུད་སྙིང་པོའི་རྣམ་ཐར་སྐབས་སུ་རགས་ཙམ་གསལ་བ་ལྟར་དང་། ཞིབ་ཆ་མ་