R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༣
[A:༣༠༣]སྟེང་འོག ཚོང་དཔོན་ཤག ཁྲོ་ཁང་སྟེང་འོག་སོགས་གསར་བཟོ་རྣམས་དང། རིམ་གྱིས་མཇོ་མོ་ཁང་སོགས་ནས་བར་བསྐོར་རྒྱལ་པོ་སྒང་བརྒྱུད། དཔལ་འབྱོར་རབ་རྒྱས། བཟོ་ཁང་གསར་པ། དེ་ནས་ལྷ་ཆེན་འཕར་ནག་ལ་མཆོད་འབུལ་སོགས་རྒྱུན་བཞིན་ཕྱི་བསྐོར་གྲུབ་ནས། གསུང་བསྔོ། དགའ་སྟོན་རྒྱ་ཆེ་བ་དང་། སྦྱིན་སྲེག་སོགས་མཛད། དེའི་སང་ནས་རྒྱུན་གྱི་སྒྲུབ་མཆོད་དང་བཅུ་དགུ་ནས་ཉེར་གཉིས་བར་འཆམ་རྒྱུགས་དང། རྒྱལ་ཡུམ་མཆོག་ནས་རྒྱལ་གསུང་བཀའ་འགྱུར་ཆེན་པོ་ཞལ་དབྱེ་བ། ཉེར་གསུམ་ནས་ཕུར་བཟློག འཇིགས་བྱེད། ཞལ་གྱི་གཏོར་བཟློག་རྣམས་ཚུགས་པའི་སྐབས་སོ།། དགུང་གྲངས་ཞེ་དགུར་ཕེབས་པ་མེ་བྱ་རྒྱལ་ཟླའི་ཚེས་གཅིག་ཐོ་རེངས་རྩེར་ལྷ་བསངས་དང་བསྟུན་མཛོ་རའི་ནང་གསར་སྟེང་ནས་གོང་གི་ཇུས་དཀར་དར་ཆེན་སྣ་ལྔའི་སྒྲོན་བཅས་གཟིམ་དྲུང་གིས་དོ་དམ་བསངས་དུད་ཤིན་ཏུ་ཆེ་བ་དང་བཅས་ཡར་འཐེན། དེ་ནས་རྒྱལ་མཚན་འཛུགས་ཆོག་གོང་བཞིན་གྲུབ་ནས་རྒྱལ་པོ་ལོ་གསར་གྱི་དགའ་སྟོན་དང། རྗེ་ཉིད་ཀྱིས་དམར་པོ་སྐོར་གསུམ་གཏོར་སྤོད། དགེ་སྡིང་མ་ཎི་བས་གཟིགས་འབུལ་ཐོག་དགའ་སྟོན་གྱི་ཡན་ལག་ཏུ་བྲོ་འཁྲབ་གྲས་གཞན་དག་བྱུང་ནའང་ཁྲི་ཕེབས་གྲུབ་ནས་འཁྲབ་ཆོག་པའི་བཀའ་འདོམས་དང། ལྷག་པར་རི་བོ་ཆེ་ནས་སྔོན་དུས་གཟིགས་འབུལ་ཞུ་མི་ཞིག་ཡིན་ནའང། བར་སྐབས་སུ་རྐྱེན་འགའ་ཞིག་གིས་མ་བྱུང་བ་དེ་བཞིན་ཕྱིས་སུ་ཡང་ཡང་ཞུ་བ་འདི་དག་ཀྱང་རྗེ་ཉིད་ཀྱི་