R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༠
[A:༣༡༠]རོལ་ཕོད་སོགས་བགྲང་ཡས་རྣམས་ཐོག་མར་བཞེས་ཏེ་འཆམ་པར་མཛད་དོ། ། དགུང་གྲངས་ང་གཅིག་ཏུ་ཕེབས་པ་ས་ཕག་རྒྱལ་ཟླའི་སྐེད་ཙམ་པར་རྗེ་རྡོ་རྗེ་འཆང་ནས་བརྩེ་ཆེན་ལྷ་ཁང་དུ་ཞབས་བསྐོར་ཡོངས་བསྡོམས་ཉི་ཁྲི་ཆིག་སྟོང་བཞི་བརྒྱ་ཐམ་པ་དང། ཕྱག་འབུལ་སུམ་སྟོང་ཉིས་བརྒྱ་བཅུ་ཐམ་པ་གནང་དུས་དང་། ཕུན་གླིང་དབང་ཁང་དུ་བཞུགས་དུས་བཅས་བརྩེ་ཆེན་སྙིང་པོའི་སྣང་བརྙན་དང། རྗེ་བཙུན་རིན་པོ་ཆེའི་སྣང་བརྙན་ཟུང་ཉིན་རེ་བཞིན་ཞལ་གཟིགས་ཚུལ་མི་འདྲ་བའི་གཟིགས་སྣང་མང་པོ་ཞིག་དང། ལྷག་པར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ་ཉིད་མངོན་སུམ་དུ་བྱོན་ནས་རྗེ་ཉིད་ལ་དགྱེས་ཉམས་ཀྱིས་བཞུགས་པ་ལ། རྗེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་རྗེ་བཙུན་རྣལ་འབྱོར་དབང་ཕྱུག་གི་ཐུགས་ཀར་འཕོ་ལ་ཁད་པའི་ཚེ། སྐུ་འཁྲིས་ཀྱི་འཇམ་མགོན་གཞོན་ནུའི་ཞལ་དཀྱིལ་སྐྱ་ཁྲོམ་གྱིས་གཟིགས་པས། གསུང་ངག་སློབ་བཤད་སོགས་གདམས་པ་རྒྱ་མཚོ་ད་ག་འབུལ་དགོས་དགོངས། ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མ་བསྐྱུད་ནས། རེ་ཞིག་དག་སྣང་དེ་འགག་པར་མཛད་པ་ཞིག་རྗེ་ཉིད་ལ་འཁྲུངས་ཤིང། འདི་ནི་ཀྱཻ་རྡོར་གཞི་བསྙེན་ཐེངས་གསུམ་པའི་སྐབས་སོ། །ཁྲུམས་ཟླའི་ཚེས་བདུན་ནས་བཟུང། རིགས་སྲས་འཇམ་མགོན་སྐུ་མཆེད། གནས་གསར་མཆོག་སྤྲུལ་ནམ་མཁའ་ལེགས་པ། ན་ལེནྡྲ་པ་གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་འཕྲིན་ལས་སོགས་ལ། ཚེ་དཔག་མེད་ཛེ་ཏ་རིའི་ལུགས་ཀྱི་དབང་ཆེན། ཚ་ལུགས་དཀར་ལྷ་གསུམ་སོགས་རྗེས་