R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༡
[A:༣༡༡]གནང་ཟུར་བཀའི་རིགས་བཅུ་ཕྲག་གསུམ་དང། ཉག་མ་དབང་པོའི་གྲངས་ལྡན་ལུང་དང་བཅས་པ། སྒྲུབ་ཐབས་བརྒྱ་རྩ། གྲུབ་ཆེན་བརྒྱད་ཅུ་རྣམས་ཀྱི་རྗེས་གནང་བྱིན་རླབས་ལུང་དང་བཅས་པ། སྤྱི་བཀའ་རྡོ་རྗེ་ཕྲེང་བའི་དབང་ཉིན་བཅོ་བརྒྱད་ལ། ཕུར་དབང་། གུར་དྲག་དབང། གདུང་རབས་ཆེན་མོ། ས་སྐྱ་བཀའ་འབུམ་པོད་དང་པོ་གཉིས་སོགས་ལུང་གི་རིགས་དཔག་པར་དཀའ་བ་བཅས་བསྩལ་བ་ཞིབ་པ་རྣམ་ཐར་ཆེན་མོ་དང་གཤམ་དུའང་གསལ་བ་དང། དེའི་ཚེ་མཆོག་སྤྲུལ་རིན་པོ་ཆེར་བཀའ་གསུང་ལྷུག་གྲོལ་གྱིས་འཇམ་མགོན་ས་སྐྱ་པཎྜི་ཏའི་ནང་རྟེན་ཐུབ་ཆེན་འཛམ་གླིང་གཡས་བཞག་གི་དྲུང་དུ། ལྷ་ཆེན་མཁན་རབས་ཉེར་ལྔ་པ་བྱམས་པ་བཀྲ་ཤིས་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས་པ་དང། རིང་མིན་ཆུ་སྟག་ལོར་ཡང་ཉིད་ཀྱི་བཀའ་བཞིན་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མས་རབ་བྱུང་མར་དེ་དྲུང་དུ་བཞེས་སོ། །དེ་མཚམས་ནས་བརྩེ་ཆེན་ལྷ་ཁང་སྟེང་གི་རྒྱ་ཕིབས་གསར་སྒྲོན་མཛད་པའི་ནང་རྟེན། འཕགས་མཆོག་ཁ་སར་པཱ་ཎི། འཇམ་དབྱངས། ཕྱག་རྡོར། སོར་འབྲང། རི་ཁྲོད་མ་རྣམས་འདམ་ལས་བསྐྲུན་པའི་ནང་གཟུངས་རིང་བསྲེལ་རྣམ་བཞིས་ཕྱུག་པོར་མཛད་དེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བསྟན་པ་དེ་འཛིན་དང་བཅས་པའི་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་ཞི་ཞིང། ཡུལ་ཕྱོགས་འདི་ལྟོས་བཅས་ཀྱི་མི་ནོར་ཕྱུགས་གསུམ་ལ་ནད་གདོན་གོད་རིགས་ཆགས་ཆེ་ཉམ་ང་ཐམས་ཅད་དང། སད་སེར་