R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༣
[A:༣༡༣]བཅས་མཐའ་མ་ལྕགས་བྱི་རྒྱལ་ཟླའི་ཚེས་བདུན་བར་ལ་གནང་བ། ཡོངས་བསྡོམས་བརྒྱད་ཁྲི་དྲུག་སྟོང་ཞེ་ལྔ་བཀའ་དྲིན་བསྐྱངས་སོ། །དེ་ལོ་གསར་འཕྲལ་ཁམས་ཕྱོགས་ཀྱི་སྦྱོར་ངན་ལ་བརྟེན་གཡུལ་གཤོམ་ལ་ཉེ་དུས། ཉེས་མེད་སེམས་ཅན་དུ་མའི་སྲོག་སྐྱོབ་གྱི་ཆེད་དུ་ངན་སྦྱོར་དེ་དག་རང་ཞིར་འགྱུར་བའི་འཕྲིན་འཆོལ་དང་ཐུགས་བསྐྱེད་རྒྱ་གང་ཆེ་མཛད་པས་འབྲས་བུ་མངོན་འགྱུར་དེ་བཞིན་དང་། དེ་མཚམས་ནས་རྗེ་ཉིད་ལ་སྔར་གྱི་གློ་ཚད་དང་ཞབས་འབམ་གྱི་སྙུན་གཞི་ལྷན་འདོམས་ལྟ་བུའི་ཚུལ་བཞེས་དང་། དབུས་ཕེབས་ལའང་ཉེ་བ་བཅས། རྟ་ཟླའི་ཚེས་གཅིག་ཉིན་གོང་གི་གསང་རྒྱའང་གྲོལ་ཞིང་གང་ཅིའི་ལེགས་འབུལ་རིམ་བསྟར་དང་། ཚེས་གསུམ་ཉིན་ཆོས་སྡེ་ལྷོ་བྱང་ལ་དབུས་ཕེབས་ཀྱི་ཞབས་རིམ་རྒྱ་ཆེར་བསྩལ་ཏེ། འགྲུལ་ཕེབས་བན་ཚང་པ་རྣམས་ནས་གཟུངས་གསོ་སྲི་གནོན་ཐུན་གཉིས་མ། འདིར་བཞུགས་བན་ཚང་བསྙེན་སོང་ནས་ཕུར་བཟློག མགོན་པོ་དྲུག་ཅུ་པ་འཇིགས་བྱེད་དྲུག་ཅུ་པ་རྣམས་མཛད་ཅིང་། རིམ་བཞིན་མགོན་ཁང་ཁག་བཞིར་འཕྲིན་འཆོལ་གནང་སྟེ། སྔོ་ར་དཔོན་སློབ་རྣམས་ལ་སྲས་མོ་བསྩལ་བའི་ལེགས་སོའི་བདོག་པ་གྱ་ནོམ་པ་བསྟར་བར་མཛད་དོ། །ཚེས་བཅུ་གཅིག་ཉིན་རྗེ་རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ། རྗེ་བཙུན་དྲུང་འཆི་མེད་བསྟན་པའི་ཉི་མ། བདག་མོ་འཆི་མེད་དཔལ་འབྱོར་བཟང་མོ་སོགས་ཞལ་ངོ་རྣམས་དང་། སྐུ་ཞང་ཆོས་ལུང་པ་དང་འགྲོ་མགོན་པ་རྣམ་གཉིས། མཛོད་འཛིན་གྱི་དབུས་དཔོན་གཡོག་སྐབས་སུ་བབས་པ་རྣམས་དང་བཅས། དབུས་ཕྱོགས་སུ་ཆིབས་