R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༤
[A:༣༡༤]བསྐྱོད་ཀྱི་སྒོ་དོད་པའི་ལོ་རྒྱུས་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ཞིང་། འདིར་རགས་ཙམ་སྨོས་ན། བླ་བྲང་ཟམ་སྣེ་ནས་ཀི་སྒྲ་དར་གཡབ་དང་། སྐྱེལ་ཆང་བ་རྣམས་ནས་ཀི་སྒྲ་རྣམས་ལ་ཁ་སྒྱུར་ཙམ་མཛད། སྲོལ་རྫིང་ཁར་ཇ་ཞུས། གྲ་མ་ལུང་དུ་གསོལ་ཚ། ག་ར་བཀྲ་ཤིས་དར་རྒྱས་ཀྱི་བྲག་ཡུར་བཞུགས། སང་ཉིན་ཐོ་རེངས་ཞོང་བ་ལ་རྩེར་ལྷ་བསངས་རྒྱས་པའི་སྐབས་ཁ་བ་ཅུང་ཟད་འཚུབ་ཅིང་། དཔོན་སློབ་ཀུན་གྲང་ངར་འདར་ཞུམ་ཅན་དང་། ལྷ་སར་རྗེ་ཉིད་སྙུན་ཚུལ་དེ་ལྟར་ལགས་ནའང་བདག་གཞན་བརྗེ་བའི་བྱང་སེམས་ཁོ་ནས་དུས་འདའ་བར་མཛད་པ་ནི་རྗེ་དེའི་ཁྱད་པར་གྱི་ཆོས་སོ། །དེ་ནས་མགོན་རྒྱས་དང་ཚ་རོང་དུ་བྱོན་འཕྲལ་དཀར་སྤྲོའི་དགའ་སྟོན་ལ་ལོངས་སྤྱད་ནས་བྱང་རིའི་གནས་གཟིགས་ཐོག་སྐྱེ་དགུ་མཐའ་ཡས་པ་ཞིག་གི་གཙུག་ཏུ་ཕྱག་གསེར་གྱི་འཁོར་ལོ་ངལ་གསོ་མཛད་པ་ནས་བཟུང་། ཡུལ་གྲུ་མཐའ་ཡས་སྐྱེ་བོ་མཐའ་ཡས་པར་བྱིན་གྱིས་བརླབས་པའི་ཚེ་རྗེ་ཉིད་ཀྱི་བསོད་ནམས་ཀྱི་མཐུས་སེམས་ཅན་ཐམས་ཅད་སྡིག་སྤོང་དགེ་ལ་གནས་པ་བྱང་ཆུབ་སེམས་དཔའི་ཐུགས་སྨོན་དང་བཅས་སྤྱན་ཕྱེད་བཅུ་གསུམ་གྱིས་སྤྱན་ཆབ་འཁྲུག་བཞིན་དུ་འཁོར་བ་པར་ངེས་འབྱུང་གཏིང་ནས་འཁྲུངས་པའི་མཛད་པ་ནི། ཀུན་དང་ཐུན་མོང་དུ་བདག་གིས་ཀྱང་རྟོགས་པ་དེ་ལྟར་ལགས་སོ། །དེར་མ་ཟད་སེམས་ཅན་ངག་དིག་ཅན་དང་། མིག རྣ་བ། སྣ་སོགས་ནད་ཅན། རྨ་ཤུ་ཐོར་སོགས་ཀྱིས་གཙེས་པ་ཐམས་ཅད་རྣམས་གཟིགས་ཚེ། ནད་པ་དེ་དྲག་ཞན་ཆེ་ཆུང་ཇི་ལྟར་ཡང་ཀུན་ལ་གཏོང་སྙོམས་ཆེན་པོའི་སྒོ་