R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༦
[A:༣༡༦]ཕོ་བྲང་སྐུ་མདུན་དུ་ཕྱག་འབུལ་མཛད་དེ་གཞིས་རྩེར་བཞུགས་གནང་ཐོག་སྤྱི་སྒེར་ནས་མཇལ་ཕྱག་མང་བ་དང་། སྐྱེ་བོ་ཁྲི་ཕྲག་དུ་མ་ལོངས་པར་དམངས་ཕྱག་གིས་མཚོན་གར་ཕེབས་ཀྱི་སར་ཏལ་མར་མཛད་པ་དང་། སོ་སོས་ཆིབས་སྐྱེལ། གསོལ་སྟོན་དངོས་འབུལ་སོགས་དང་། མཆོག་གསུམ་རྟེན་གྱི་དྲུང་དུ་མཆོད་འབུལ་སྙན་ཤལ། སྤྱི་བྱེས་བསྟན་པ་ཐུགས་བཅངས་དེ་འཛིན་བཅས་རྒྱས་པའི་ཐུགས་སྨོན། རབ་ཏུ་གནས་པའི་མེ་ཏོག་འཐོར་གནང་། དགེ་འདུན་བསྙེན་བཀུར། ངན་སློང་སྦྱིན་གཏོང་སོགས་ནི་བརྗོད་ཀྱིས་མི་ལངས་བས། མང་བས་འཇིགས་ཏེ་རྒྱས་པར་མ་སྤྲོས་ཤིང་རྗེ་ཉིད་ཀྱི་བཀའ་ལས། ད་ལོ་སྤྱི་སྒོ་ནས་སྔར་དང་མི་འདྲ་བའི་བདག་རྐྱེན་ཚང་མ་མཛད་བྱུང་། ཞེས་གསུངས། དེ་སྐད་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས། རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་དུས་དང་། སྐུ་ཚབ་སྡེ་ཕྱུང་པ་ནས་མཚམས་ཞུ་དང་། བླ་བྲང་གཞུང་ནས་ཟུར་གསོས་སྔར་ལམ་ལས་མི་འགོང་བ་བསྩལ། དེ་ནས་སེར་ཅན་གྱི་རེ་སྐོང་རྣམས་གྲུབ་རྗེས་ཕེབས་གྲུ་བདེ་ཕེབས་ཀྱིས། རྩེ་གདོང་དུ་བཞུགས་ཞག་བཅུ་གཉིས་གནང་། དེ་རིང་། ཆོས་སྡེ། རིན་སྒང་པ། རྩེ་སྤྲུལ་སོགས་ལ་ཕུར་དབང་། གུར་དྲག་སྐྱེ་བོའི་ཚོགས་ལ་ཁྲོམ་དབང་། ཞལ་ངོར་རྣམས་ནས་གྱི་རེ་རྣམ་རྩེ་སོགས་གནས་གཟིགས་ཀྱང་མཛད། དེའི་ཚེ་རྗེ་ཉིད་ཆེས་ཆེར་བསྙུན་ཚུལ་གྱིས་གཞན་གྱིས་གདན་འདྲེན་དགོས་པའི་སྐབས་དེ་ལྟར་ན། མཛོད་འཛིན་སོགས་ནས་རང་རེའི་གདན་ས་འདིར་སྐུ་ཁམས་དྭངས་བར་བཞུགས་ན་ལེགས་ཚུལ་