R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༨
[A:༣༡༨]ལ་ས་ཆེན་གྱིས་སྐུ་འབྲུམ་བཞེས་དུས་བྱུང་བའིི་སྐུ་རྗེས་ལའང་ཁྲུས་གསོལ་དང་རམ་པར་བཞུགས། སྐུ་འབུམ་དང་ཡ་སིལ། དཔལ་དེ་དང་། ཕན་ལ་རྩ། སང་སྔ་བར་ཉམ་ལ་རྩེར་ལྷ་བསངས་རྒྱས་པ་ནི་འདིའི་མཚོན་ཕེབས་ལམ་ལ་རྩེ་ཚང་མར་གནང་། བྱང་ཐང་དུ་བཞུགས་ཞག ཕེབས་གྲུ་ཐོན་རྟག་ཁུལ་སྤེ་སྦེས་ཏེ་སྐྱེ་ཚལ་ཞག་འགའ་བཞུགས་ཤིང་ཁྲོམ་དབང་སོགས་བཀའ་མཐའ་ཡས་པ་བསྩལ། དེར་རྗེ་ཉིད་ཀྱི་སྐུ་ལ་དྭངས་སྐྱེད་བཞེས་པའི་འགོ་ཟུག་ཅིང་། གཟིམ་ཆུང་དེར་བརྩོན་འགྲུས་མཐར་ཕྱིན་ཡང་རྩེ་ཞེས་པའི་སྒོ་ཡིག་ཀྱང་ཐུགས་དགྱེས་པའི་དབྱིངས་ནས་མཛད་པར་དཔགས་ན་བརྩོན་འགྲུས་ཀྱི་ཕར་ཕྱིན་གནས་དེར་རྫོགས་ཚུལ་བསྟན་པ་གདོན་མི་ཟའོ། །དེ་ནས་སྟག་ཁུར་ཁྲོམ་དབང་། ཆུ་ཤུར་གསོལ་ཚའི་ཐོག་ཐར་པ་གླིང་པ་སོགས་སྤྱི་སྒེར་མང་པོའི་རེ་སྐོང་དང་། གསལ་བྱེད་རྡོར་གླིང་དུ་བཞུགས་ཐོག་སྣེ་ཤན་པ་དཔལ་ལྡན་བཀྲ་ཤིས་གདོང་གོང་ས་མཆོག་ནས་མཉེས་སྤྲོ་ལེ་ཚན་གསུམ། མཚམས་དར་ལེགས་པ་གསུམ། ཁྲི་ཆེན་བཀའ་ཤག་བཅས་ནས་ཀྱང་ལྷའི་རེག་བྱ་དཀོན་མཆོག་གི་གྲངས་ལྡན་རེ་བཅས་ཐོག་མར་དགེ་བའི་གཟིགས་བསྐྱངས་དང་། དེ་ནས་ཤེལ་གྲོང་གསར་གླིང་ནས་གསོལ་སྟོན་དང་གནམ་དུ་གསོལ་ཚའི་ཐོོག་ཡར་ཀླུང་ས་མཆོག་པ་མཆོག་སྤྲུལ་རིན་པོ་ཆེ་དང་ཞལ་རྒྱས། སྙེ་ཐང་བྲག་སྣ་འཕགས་སྡེར་ཀློང་རྡོལ་བླ་མ་སོགས་ལ་རྣམ་རྒྱལ་གྱི་རྗེས་གནང་དང་ཁྲོམ་དབང་། བཀྲ་ཤིས་སྒང་དུ་བཞུགས་ནས་སང་ཉིན་སྟོད་ལུང་མདར་གསོལ་ཚལ། གསོལ་ཚིགས་སྒང་དུ་དབུ་གུར་ཐབ་བསུ་བཅས་སྔོན་འགྲོའི་