R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༩
[A:༣༡༩]རྩེ་མགྲོན་བྱིངས་པ་སོགས་རྩེ་དྲུང་བཅུ་སྐོར། ཁྲི་ཆེན་མཆོག་ནས་སྤོས་འཛིན་པ་སོགས་དང་བཀའ་ཤག་གཉེར་ཚང་བ་རྡོ་རྗེ་སོགས་སྐྱ་གྲས་ཀྱང་གོང་མཚུངས་ཙམ་ནས་ཆིབས་བསུས་ལྕང་ཅན་དུ། དབོ་ཟླའི་ཉེར་བཞིར་ཕེབས་ནས། ལྷ་སར་ཟླ་བ་ཕྱེད་གཉིས་བཞུགས། གུང་དཔོན་གཡོག་སོགས་སྐུ་དྲག་སྣེ་མང་ལ་མཇལ་མང་སོགས་ཟིན་ནས། དེ་ནས་རྗེ་ཉིད་སྟོད་ལུང་སྨན་ཆབ་ཏུ་འཁྱུག་ཙམ་ཕེབས་པར་ཡང་། ཉིན་ལྟར་ཆབ་ཀླུ་སེང་སྒྲ། ལྷ་བསངས་སོགས་དེས་མཚོན་སྣོད་བཅུད་ཀུན་ལ་ཕན་བདེ་སྤེལ་བར་གནང་། དགོན་ཆུ་བཟང་། སྡིང་དཀར་། དངོས་གྲུབ་སྡིང་སོགས་སུ་དབང་རབ་གནས་སོགས་སོ་སོའི་རེ་བ་བསྐངས་ནས། དེ་ནས་རང་རེའི་ཞལ་ངོ་རྣམས་དང་རྩེ་ཤོད་ཀྱི་མགྲོན་གཉེར་སོགས་ནས་ཆིབས་བསུས་ལྕང་ཅན་དུ་ཕེབས། ཚེས་བཅུར་གོང་ས་བརྒྱད་པ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་སྐུ་དྲུང་དུ་འབྱོར་ཕྱག་དང་། ཚེས་བཅུའིམཇལ་ཕྱག་དངོས་གཞིའི་ཐོག་མགོན་པོ་གང་དང། གདུང་སྲས་ཟུང་གི་སྔར་ལམ་ཁྲི་མཇལ་དུ་མཎྜལ་སོགས་རྟེེན་གསུམ། བདོག་པའི་དངོས་པོ། གསེར་དངུལ་གོས་དར་སོགས་ཀྱི་མཚན་གྲངས་རྒྱ་དཔང་ཆེ་བ་རྣམས་བསྟར་ཞིང་། གོང་ས་མཆོག་ནས་ཚེ་བཀའ་དང་ཁྲི་ཆེན་ནས་ཕྱག་རྡོར་འཁོར་ཆེན་གྱི་དབང་ཡང་གསན་ཅིང་། གྲུ་འཛིན་དུ་ཕེབས་སྐབས་དེ་རིང་རྒན་པོས་རྟ་རྩལ་ངོམ་རྒྱུ་ཡིན་པས་ལྟོས་ཤིག་གསུངས་ནས་རྡོ་སྐས་རིང་མོ་དེ་ན་ཡར་ཆིབས་པའི་རྨིག་པས་རྡོ་ལ་འཐབ་པའི་མེ་སྟག་འཕྲོ་བཞིན་པ་དང་བཅས་ཕེབས་སྐབས། ཆིབས་པས་རྨིག་རྗེས་བཞག་པ་སོགས་