R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༠
[A:༣༢༠]ངོ་མཚར་མང་དུ་གླེང་། རྨིག་རྗེས་ནི་ད་ལྟ་ཡང་སྣང་བ་ཁོ་བོ་གཞོན་ནུའི་དུས་ལྷ་སྐྱོད་སྐབས་ཀྱང་ས་སྐྱ་བདག་ཆེན་ཞིག་གི་ཆིབས་པའི་རྨིག་རྗེས་ཡིན་ཚུལ་མཐོང་ཐོས་བྱུང་བ་དང་། ས་ཟླའི་ཚེས་གཅིག་ལ་ཕེབས་ཕྱག་ཏུ། གཞུང་ས་མཆོག་ནས་དངོས་སྐྱེས་ཀྱི་བདོག་པ་རྨུགས་འཛིན་དབང་པོའི་གན་མཛོད་ཞལ་ཕྱེ་བ་ལྟ་བུ་བསྩལ། དེ་དག་གི་བར་སྐབས་སུ་གསེར་གདུང་གསར་རྙིང་གི་དྲུང་དུ་མཆོད་འབུལ། མཆོད་སྤྱད་ངོ་མཚར་ཅན་ཡང་སྦྱོོར་འཇགས་གནང་། གཞན་ཡང་ཕྱི་ནང་གི་རྟེན་ཇི་སྙེད་པར་ཕྱག་མཆོད་བསྙེན་བཀུར་ཐུགས་སྨོན་གྱིས་མཚམས་སྦྱོར། གོང་ས་མཆོག་གི་བཀའ་བཞིན་ཇོ་བོ་རིན་པོ་ཆེའི་སྐུ་མདུན་ཀྱཻ་རྡོ་རྗེ་ལ་བརྟེན་པའི་རབ་གནས་རྒྱས་པ་སྦྱིན་སྲེག་བཅས་དང་། ལྷ་ས་བླ་བྲང་། ར་མོ་ཆེ། ཀླུའི་ཕོ་བྲང་རྣམས་སུ་སེངྒེ་སྒྲ། ཆབ་ཀླུ། བསྟན་རྒྱས་གླིང་དུ་ཀྱཻ་རྡོ་རྗེ་ལ་བརྟེན་པའི་རབ་གནས་སྒྲུབ་ཞག་གསུམ་པར་ཕྱི་སྐོར་དུ་མེ་ཏོག་འཐོར་གནང་། སེམས་དཔའ་རིན་པོ་ཆེས་ཞུས་ངོར་མཁའ་སྤྱོད་མའི་བྱིན་རླབས་ཀྱི་ཚེ་བདུད་རྩིར་བཾ་ཡིག་རང་འབྱོན་འཁྲུངས། སྡེ་དགེའི་ལྕམ་ཟུར་སོགས་ལ་ལྕགས་སྡོང་མའི་ཚེ་དབང་། གྲྭ་ཚང་ལ་གྲུབ་རྒྱལ་ཚེ་དབང་དང་ལྗགས་ལུང་ཕོན་ཆེན། ལྕང་ལོ་ཅན་དུ་ཕུར་པའི་ཞི་བའི་སྦྱིན་སྲེག མཁའ་སྤྱོད་མའི་བྱིན་རླབས་ཚེ་དབང་། ཚོགས་བདག ཕྱག་རྡོར་དྲེགས་པ་ཀུན་འདུལ། སོར་འབྲང་རྗེས་གནང་། སྐྱེ་བོ་ཁྲི་ཕྲག་དུ་མར་ཁྲོམ་དབང་། བཀའི་གུང་བློན་ཆུ་མིག ཛ་སག དགའ་བཞི་གུང་གི་སྲས་སོགས་ཆེ་བཙན་བགྲངས་ཡས་ཆེ་གྲ་སྤྱི་སྒེར་ནས་མཇལ་