R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༢
[A:༣༢༢]མཛད་སྒོ་རྣམས་ཟིན་ནས། ཆིབས་བསྒྱུར་གྱི་ཉིན་བཅོ་བརྒྱད་དུ་གནང་སྦྱིན་བྱིན་རྟེན་སོགས་མང་པོ་དང་། ཀྱཻ་རྡོར་རྣམ་བཤད། རབ་རྟེན་ཞལ་འབག་ཞོ་ཕྱེ་ལས་སྦྲུས་པའི་གསོལ་བ་རྣམས་གནང་ནས་འདི་གསུམ་སྐུ་གསུང་ཐུགས་རྟེན་གྱིེས་སླར་འདིར་ངེད་ཐེངས་ཅིག་སླེབ་ཡོང་ངོ་། །ཞེས་བཀའ་བསྩལ་ནས་ཕེབས་ཏེ་ལྷུན་གྲུབ་རྫོང་དུ་བཞུགས་ཤིང་། རྫོང་རྩེར་དང་། ཆག་ལའི་ཡང་རྩེར་ལྷ་བསངས་སྐབས་གཟིགས་སྣང་ངོ་མཚར་ཅན་ཡང་འཁྲུངས། སྟག་ལུང་དུ་གྲུབ་རྒྱལ་ཚེ་དབང་གནས་གཟིགས་དང་ཕུན་མདོར་བཞུགས། སང་ཉིན་ཀོ་བ་ཐོན་བྱང་ར་སྒྲེང་དང་ཉེ་བར་གསང་ཡེའི་ཕོ་བྲང་དུ་ཐབ་བསུ་དང་བཅས་ར་སྒྲེང་དུ་ཕེབས་ཏེ། ཇོ་བོ་རྗེས་རྒྱ་ནག་ནས་གདན་དྲངས་པའི་འཇམ་པའི་རྡོ་རྗེའི་སྐུ་དྲུང་དུ་དེའི་སྒྲུབ་མཆོད་རྒྱས་པ། གནས་ངོ་མཚར་ཅན་དེའི་ཤུག་ཁྲོད་ནས་ཕྱི་བསྐོར་ལ་མེ་ཆར་ཕབ་སྟེ་སྐྱེ་དགུ་དེ་དག་གི་གཙུག་ཏུ་ཕྱག་གསེར་གྱི་འཁོར་ལོ་ངལ་གསོས་ཏེ་བཞུགས་སྒར་དུ་ཕེབས། དེའི་སང་ཡེའི་ཕོ་བྲང་དུ་མཁའ་སྤྱོད་མའི་སྒྲུབ་མཆོད་ར་སྒྲེང་གི་གནས་ཚད་ཡིན་ཚད་ཁུལ་བཅོམ་མདའ་དང་། ཀོ་བ་འཐོན་ཨ་དཀར་སུམ་མདོ་དང་། འབར་ཚག་ཉི་མ་ཚལ། ཀི་ར་ཐང་རྣམས་སུ་བཞུགས་ཞག་རེ་དང་། གཏེར་སྒྲོམ་ཆུ་ཚན་ཞག་ལྔ་ཆབ་བདུགས་བཅས་ཕེབས་འཕྲལ་རྣམ་འཇོམས་དང་། ཉིན་ལྟར་ལྷ་བསངས་རྒྱས་པ། ཆབ་ཀླུ་ཚེ་ཆོག་རྣམས་དང་སྣྲོན་ཟླའི་ཚེས་གཅིག་ལ་ལྷ་མོ་གསོལ་མཆོད་ཀྱི་གསུང་བསྐང་ཡང་དེར་མཛད་ནས་ཕེབས་ལམ་འབྲི་ཁུང་མཐིལ་གནས་གཟིགས་དང་གྲོོག་སྣ་ཟངས་ཁར་བཞུགས། དེ་ནས་འབྲི་ཁུང་