R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༣
[A:༣༢༣]སྤྲོ་ཁང་ཡང་རི་སྒར་དུ་བཞུགས། དེ་ནས་ཀློང་ཆེན་རབ་འབྱམས་པའི་གདན་ས་ཞ་ལྷ་ཁང་དུ་གཟའ་དང་དམ་ཅན་པར་གཏོར་བསྔོ་བཅས་མཛད་ནས་དབུ་རུ་བཀའ་ཚལ་དུ་བཞུགས་ཏེ་ཀླུ་མལ་དྲོ་གཟི་བྱིན་གྱི་ཕོ་བྲང་མདུན་དུ་མ་འོངས་པར་སྐྱེ་འགྲོ་རྣམས་ཀླུ་གཟའ་རྒྱལ་གསུམ་གྱིས་འཇོམས་པར་གསུངས་པའི་ལོ་རྒྱུས་སྩོལ་བ་དང་བཅས་སེངྒེ་སྒྲ། ཆབ་ཀླུ་བཅས་སྨིན་རྒྱས་བསྟན་འགྲོའི་བདེ་ཐབས་སུ་གནང་ནས་ཕྱེད་དཀར་དུ་ཕེབས་ཏེ། འདུས་ཚོགས་ལ་རྣམ་སྲས་སེར་ཆེན་དང་འཇམ་དབྱངས་དམར་སེར་རྗེས་གནང་བསྩལ་ནས། རིམ་གྱིས་མལ་དྲོ་གོང་དཀར་ཀྱི་རྡོ་ལེགས་མགོན་ཁང་སོགས་མཇལ་ཞིང་རྒྱ་མ་སྒྲུབ་རྙིང་དུ་བཞུགས་ཏེ། ཞབས་བརྟན་བསྐང་བ་སོགས་ཀྱི་ལུང་དང་ཚེ་དབང་སོགས་བསྩལ་ཞིང་། ཁྲི་ཁང་དུ་ཚེ་ཆོག ཀུན་རིག རྣམ་འཇོམས་བྱབས་ཁྲུས་བཅས་དང་། དེ་ནས་ལ་མོར་བཞུགས་ནས་ཀོ་བ་འཐེན། ལོ་སེམས་དཔའ་རེན་པོ་ཆེས་ཆིབས་བསུས་ཏེ་ལོ་དགོན་དུ་ཞག་དྲུག་བཞུགས་ཏེ་གུར་དྲག་གཤེད་དམར་སོགས་ཀྱི་དབང་དཀར་བདུན་རྗེས་གནང་། བསྐང་བའི་ལྗགས་ལུང་སོགས་དང་། རབ་གནས་སྦྱིན་བསྲེག འཆམ་གཟིགས་སོགས་མཛད་ནས། གཙང་ཐོག་ཏུ་བཞུགས། སང་ཉིན་གདན་ས་ཆེན་པོ་རི་བོ་དགེ་ལྡན་གཟིགས། ཁྲུས་གསོལ། སྤྱི་སྒེར་ནས་མཇལ་ཕྱག་གྲྭ་མང་ལ་ཕྱག་དབང་སོགས་གྲུབ་ནས་བདེ་ཆེན་དུ་བཞུགས། དེ་ནས་བླ་མ་ཞང་གི་གདན་ས་གུང་ཐང་གནས་གཟིགས་ཁྲོམ་དབང་། འབུམ་མོ་ཆེར་རབ་གནས། བདེ་ཆེན་གནས་གཟིགས་དང་ཆང་ཚུལ་དུ་བཞུགས། དེ་ནས་