R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༥
[A:༣༢༥]སྐུ་རྐྱང་ལ་རིག་བྱེད་མ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་། ཞལ་བསྙེན་དུས་བཅས་དང་། ཚུར་ཡང་གོང་དུ་བསྟན་པ་བཞིན་གྱི་ཆོས་བཀའ་དེ་རྣམས་གསན་ཅིང་། གནས་དེར་རབ་གནས་རྒྱས་པ་རྨོར་ཆེན་རིན་པོ་ཆེའི་བཞུགས་གནས་རྒོད་ཚང་དུ་བླ་མཆོད། བསྐང་འཕྲིན་བསངས་ཁྲུས་ཚོགས་འཁོར་སོགས་བོད་ཁམས་བདེ་བའི་ཐུགས་བསྐྱེད་རྣམས་ཟིིན་ནས་ཁྲོམ་དབང་དང་། བྲག་ཁ་རྫོང་བདུན། རྩེ་ཐང་འབྲས་གླིང་དང་། དགའ་ལྡན་བཀྲ་ཤིས་ཆོས་འཁོར་དང་། ལྔ་མཆོད་ལའང་ཕེབས། བསམ་ལྡན་གླིང་གི་ཀྱཻ་རྡོར་བ་སྤུ་མ་གཟིགས་ཏེ། ཁྲ་འབྲུག ཡུམ་བུ་བླ་མཁར་སོགས་ལ་གནས་གཟིགས་མཆོད་འབུལ། དབང་ལྗགས་ལུང་མང་བ་སོགས་བསྩལ་ནས། བཀྲ་ཤིས་ཆོས་སྡེར་བཞུགས་ཞག་བཅུ་གཉིས་ལ། བདེ་ཀྱཻ་གསང་གསུམ་ཕུར་མགོན་རྣམས་ཀྱི་རབ་གནས། དགེས་རྡོར་ཀུན་རིིག་དབང་ཆ་བཞི། མགོན་ཁང་ཆེན་མོར་དུས་གཏོར་རྗེས་གནང་ཟུར་བཀའ་དྲུག་སྒྲོལ་མ་ཉེར་གཅིག་རྣམས་ཀྱི་རྗེས་གནང་དང། ལུང་མཐའ་ཡས་པ། རྣམ་སྲས་ཁང་དུ་རྣམ་སྲས་ཀྱི་བསྐང་བ། སྐུ་བརྙན་རྣམས་ལ་ན་བཟའ་གསར་སྒྲོན་དང་། འོན་རྒོད་ཚང་དུ་གནད་རྒྱུའི་སྐུ་རྣམས་ཕེབས་སྐྱེལ་བ་བཀའ་འདོམས་པ་སོགས་བསྟན་མཁས་ཀྱི་མཛད་སྒོ་རྣམས་གྲུབ་ནས་ཤེལ་བྲག་ཏུ་གུར་དྲག་དང་། གནམ་གང་གི་དུས་གཏོར་མཛད་རྗེས་བཙན་ཐང་དུ་ལྷ་བསངས་རྒྱས་པ་དང་། དེ་ནས་བྱེ་ཚོགས་སུ་ལྷ་བསངས་རྒྱས་པ། ལྕོག་ཏུ་གསུང་བསྐང་། ཆོས་སྐྱོང་སྐུ་ཕེབས་ཐོག་ཞལ་ངོ་སོ་སོར་སྐུ་སྤྲུལ་མཆོག་གི་ལུང་བསྟན་དང་། དེར་ཀྱཻ་