R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༦
[A:༣༢༦]རྡོར་རྒྱུ་དབང་ཆ་བཞི། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། རབ་གནས། ལྗགས་ལུང་སོགས་རྒྱ་ཆེར་བསྩལ་ནས་སྨིན་གླིང་མཁན་རིན་པོ་ཆེས་ཆིབས་བསུས། སྨིན་གླིང་དུ་བདུན་ཕྲག་གཅིག་བཞུགས། མཁན་པོར་དགོངས་འདུས་སོགས་གོང་དུ་བསྟན་པ་བཞིན་གསན། ཕར་ཡང་བླ་མ་ཞི་ཁྲོའི་ཚེ་དབང་སོགས་བསྩལ། དེར་ཚེས་བཅུའི་ཐོག་འདུས་ཚོགས་ཀྱི་དབུར་ཕེབས། འཆམ་གཟིགས་གནས་གཟིགས་སོགས་གྲུབ་ནས་བྱེ་ཚོགས་སུ་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་གྲ་ཐང་དུ་རྡོ་རྗེ་ཕུར་པའི་སྦྱིན་སྲེག་རྒྱས་པ་དང། གསང་འདུས་དང་ཀུན་རིག་གི་དབང་ཆ་ཁ་ཤས། མཁའ་སྤྱོད་མའི་བྱིན་རླབས། ཕྱག་རྡོར་ཁང་བརྩེགས་དང་ཞང་བློན་གྱི་རྗེས་གནང་། སྒར་ཆེན་རིན་པོ་ཆེའི་གདན་ས་དཔལ་རབ་ཏུ་གསུང་བསྐང་གསོལ་འདེབས་སོགས་དང་ཉམས་གསོ་གསར་བསྐྲུན་གྱི་བཀའ་འདོམས། བྱམས་གླིང་དུ་ཀྱཻ་རྡོར་རབ་གནས། གཞན་ཡང་ལྗགས་ལུང་ཕོན་ཆེན་ཁྲོམ་དབང་སོགས་བསྩལ་ནས་གདུང་ཕུད་ཆོས་འཁོར་དུ་ཀྱཻ་རྡོར་དབང་ཆ་དྲུག་དང་། དེའི་རབ་གནས་ཞི་བའི་སྦྱིན་སྲེག་བཅས། མགོན་ཁང་གཏོར་སྤོད། རྗེས་གནང་ཁ་ཤས། གུར་དྲག་དང་ཁྲོམ་དབང་སོགས་རེ་སྐོང་རྣམས་ཀྱིས་དུས་འདས་རྗེས། ར་བ་སྨད་དུ་བདེ་མཆོག་ནག་པོ་དང་། ཀུན་རིག་དབང་ཆ་བཞི། ལྕོག་ཏུ་ལྷ་བསངས་རྒྱས་པ། རྗེས་གནང་འགའ་ཞིག ཆུ་འགྲམ་དུ་ཀྱཻ་རྡོར་རབ་གནས་ཐོག་ཆུ་རགས་མགོ་མཇུག་ལ་མེ་ཆར་ཉིལ་བ། དུས་གཏོར་ཁྲོམ་དབང་སོགས་དང་། དེ་ནས་རྣམ་རབ་ཏུ་ལྷ་བསངས་རྒྱས་པ། ཀུན་