R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༧
[A:༣༢༧]རིག་དབང་ཆ་ལྔ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཚར་ལྔ་དང་། སྤྱན་གཟིགས་སྒྲོལ་དཀར་རྗེས་གནང་། ཀྱཻ་རྡོར་རབ་གནས་སྦྱིན་སྲེག རྒྱལ་པོ་རྣམ་གསུམ་སྐུ་ཕེབས། སྔར་གྱི་གཏོར་རྙིང་སྤོ་གནང་དང་ལྕོག་ཏུ་གསར་འཛུགས་ཤིག་ཀྱང་གནང་། རྣོག་བསོད་ནམས་བསྟན་འཛིན་གྱི་གདུང་རྟེན་དུད་སོལ་མ་བཅས་གནས་གཟིགས་དུས་དུད་སོལ་མའི་སྒོས་ཀྱི་གཏོར་ཆོག་ཀྱང་གནང་ཞིང་། དེ་ནས་ཇོ་ཕུག་གནས་གཟིགས་དང་། གོང་དཀར་རྡོོ་རྗེ་གདན་དུ་ཞག་ཉེར་གཅིག་བཞུགས་རིང་ཡང་། ཉིན་མཚན་ཁོར་མོ་ཡུག་ཏུ་བསྟན་འགྲོའི་ལེགས་སྤེལ་འབའ་ཞིག་གིས་དུས་འདའ་བར་མཛད་པ་ལས། སྐྱ་སེར་མང་པོར་དབུ་མ་ལུགས་ཀྱི་སེམས་བསྐྱེད་རྟ་མགྲིན་ཡང་གསང་དབང་། ཁྲོམ་དབང་ཕུར་དབང་རབ་གནས་སོགས་བརྗོད་ཀྱིས་མི་ལང་བ་དང་ལྗགས་ལུང་ཡང་དེ་བཞིན། བཤད་སྒྲུབ་གླིང་། སྐུ་གཉེར་གྲྭ་ཚང་། བདེ་ཆེན་ཆོས་འཁོར་རྣམས་ལའང་ཞབས་ཀྱིས་བཅགས་པ། བསྟན་སྲུང་རྒྱ་མཚོ་རྒྱལ་བསྟན་རིན་པོ་ཆེ་སྤྱི་བྱེ་བྲག་རྒྱས་པའི་འཕྲིན་ལས་འཆོལ་བ་སོགས་མདོར་ན་ཡ་མཐའ་བླ་མ་དགེ་བའི་བཤེས་གཉེན་ནས་མ་མཐའ་སྤྲང་པོའི་བར་གྱི་རེ་འདོད་སྐོང་བའི་དམ་བཅའ་ལས་གཡེལ་བ་ནམ་ཡང་རྗེ་དམ་པ་དེར་མི་མངའ་ཞིང་། དེའི་ཚེ་སྣེ་ཤན་པ་དཔལ་ལྡན་བཀྲ་ཤིས་ལ་བྱིན་རྟེན་གྲངས་མང་། བདོག་པའི་དངོས་པོ་གྱ་ནོམ་པ་བཅས་བསྩལ་ནས་རང་གནས་སུ་མངགས། དེ་ནས་ཏ་ར་ཕུར་བཞུགས་དུས་བཤད་སྒྲུབ་གླིང་སྐུ་རྟེན་པར་སྐུ་ཕེབས་ཐོག་ད་གཟོད་མངོན་དུ་འགྱུར་པའི་ལུང་བསྟན་ཡང་བསྩལ། སང་ཉིན་ཏ་ཕུ་ལ་རྩེར་