R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༨
[A:༣༢༨]སྣོད་བཅུད་སྤྱི་བྱེའི་བདེ་ཐབས་ལ་ཆེད་དུ་དགོངས་པའི་ལྷ་བསངས་དང་བཞུགས་ཚེར་ཁང་དམར། དེའི་སང་ནམ་ཕྱེད་ཙམ་ལ་ཕེབས་ལམ་ཤིན་ཏུ་རྩུབ་པར་ནམ་འོག་ཏུ་བྱོན་པས། རྒྱུས་ཡོད་རྣམས་ཀྱི་གླེང་མོར་རྒྱུན་དུ་ནི་མི་རེ་ཡང་མི་ཐར་བ་ལྟ་བུར་མཆིས། ད་ལམ་དཔོན་གཡོག་ཀུན་ནམ་ཕྱེད་ཤེ་མུན་གྱི་དུས་སུ་བདེ་བར་ཕེབས་པ་ལས་གཞན་པའི་རྫུ་འཕྲུལ་ལྷག་ཏུ་མི་དགོས་འདྲ། ཞེས་སྒྲོག་པར་གྱུར་པའང་དོན་གནས་ཀྱི་ཚིག་ཡིན་ལགས། དེ་ནས་སྒ་འདྲ་ཆུ་ཚན་དང་ཉེ་བར་རྗེ་ཉིད་ཕེབས་བྱམས་ཐོག་འོད་གསལ་དུ་འཁྲུངས་སྐབས་འདི་ལྟར་གསུངས་ཏེ། ཁྲུམས་ཟླའི་ཉེར་བདུན་ལ་འགྱོགས་བྱམས་ཐོག་འདོན་པར་བྱེད་མུར་བཤུལ་ལམ་བགྲོད་པས་གཉིད་ཟིར་རེ་བ་ཞིག་བྱུང་བར། རྨི་ལམ་དུ་བྱང་ཕྱོགས་ནས་བཙུན་མ་འདྲ་མོ་ཞིག་གིས། སྒ་འདྲའི་གཞི་བདག་བསྡད་མེད་པས་རེ་ཞིག་ལ་ཤོག་གསུང་བའི་ཡི་གེ་བྲི་རོགས་མཛོད། ཟེར་བས། ནུབ་ཕྱོགས་ནས་བུད་མེད་དར་ཡོལ་དཔྲལ་གཡུ་ཅན་ཁ་ཤིན་ཏུ་ཆེ་བར་གདངས་པ་ཞིག་ཐལ་མོ་སྦྱར་ནས་མགོ་གུག་གུག་བྱེད་པ་ཤར་བས། ཁྱེད་རང་གཞི་བདག་སུ་འདྲ་ཞིག་ཡིན་ནའང་སྒ་འདྲ་ཆུ་ཚན་དང་ངེད་ལ་ལས་འབྲེལ་ཡོད་པ་ཞིག་ནི་ཅིས་ཀྱང་ཡིན་འདུག་རྟགས། ལོ་ཁ་ཤས་ནས་ཚོམས་དཀྱིལ་ན་ཆུ་ཚན་ཡོད་པ་ཞིག་འདུག་པ་མངོན་སུམ་མྱོང་བ་ཡིན་འདུག ཅེས་གསུངས་ཤིང་དེའི་ཀ་བ་ལྷོ་མ་བདག་འཛིན་མཛད། ཆབ་ཞག་ལྔ་དང་དེར་ཡང་ལྷ་བསངས་རྒྱས་པ་དང་། རྗེས་གནང་ཁ་ཤས་སོགས་རྩ་བ་ནས་ཟངས་ཁྲོད། རི་བོ་དྲག།དགའ་ལྡན་རི་ཁྲོད། གླིང་རྫོང་སོགས་བརྒྱུད། ཡར་