R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༩
[A:༣༢༩]འབྲོག་མཐར་གླིང་དུ། གུར་ལྷ་བརྒྱད་སོགས་བསྟན་སྲུང་རྣམས་ཀྱི་རྗེས་གནང་། གྱི་ལྔ་གཟའ་གདོང་དང་ཚེའིི་རྫོང་ཆུང་སོགས་བསྩལ་བ་གདུལ་བྱ་འགའ་ཞིག་མིག་མི་བདེ་བ་དེ་འཕྲལ་གསལ་བ་སོགས་བྱིན་རླབས་ཞུགས་རྟགས་ཀྱང་བྱུང་བ་གནང་། རབ་གནས་སོགས་བསྩལ། རྫོང་ལྷ་དབང་རབ་བསྟན་གླིང་དང་། གསང་ཆོས་ལའང་ཞབས་བཅགས་ནས་བསམ་སྡིངས་སུ་ཕེབས་ལམ། དུས་མཆོད་གདུང་རབས་སྒེར་ལ་གསོལ་འདེབས་གློ་བུར་དུ་ཐུགས་ལ་འཁྲུངས་པ་དང་། བསམ་སྡིངས་དཔེ་ཁྲོད་ནས་སྤོད་གཅིག་བཞེས་པ་གདུང་རབས་ཆེན་མོ་ཕྱག་ཕེབས་མ་འོངས་པའི་ལ་ཉེར་དགོངས་ཏེ། དུས་མཆོད་གདུང་རབས་གསོལ་འདེབས་བཀའ་རྩོམ་དང་། དེར་ལྷ་བསངས་དང་། རྡོ་རྗེ་ཕག་མོ་དང་ཕན་ཚུན་གོང་དུ་བསྟན་པའི་བཀའ་ཆོས་གསན་བསམ་སོགས་མཛད་ནས། དེ་ནས་སྣ་དཀར་རྩེའི་མགོན་ཁང་དུ་གསུང་བསྐང་དང་། མི་སྡེ་སྤྱིས་ཞུས་གཏོར་འཛུགས་ཀྱང་གནང་ནས་སྲིན་ལག་ཏུ་བཞུགས། སང་ཉིན་ཁ་རོ་ལར་ལྷ་བསངས་དང་གནོད་སྦྱིན་རྣམ་གཉིས་གསོལ་མཆོད་བཅས་མཛད་ཅིང་། ར་ལུང་གནས་གཟིགས་དང་། སྣེ་བཞིར་ཕེབས། ཨོ་རྒྱན་ཡང་ཟབ་རྗེར་ཕར་ཚུལ་ཆོས་བཀའ་འགའ་ཞིག་གསན་ནས། རྒྱལ་རྩེར་གུར་པ་གྲྭ་ཚང་དུ། ཕུར་པ། རྟ་མགྲིན་ཡང་གསང་། རྗེས་གནང་དང་། ལྗགས་ལུང་ཕོན་ཆེ། ཁྲོམ་དབང་། དེ་དང་རྫོང་རྩེར་ལྷ་བསངས། གཏོར་སྤོད། རྩེ་ཆེན་དུ་གནས་གཟིགས་བསྐང་བ་འཆམ་གཟིགས་བཅས་མཛད་སྒོ་རྣམས་གྲུབ་ནས། འབྲོང་རྩེ། འབྲས་ཁུད། སྐྱིད་སྦུག།བར་ཚོ་སོགས་