R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༨
[A:༣༣༨]ཉིད་ཆོས་འཆད་སོགས་འཆར་འཕར་གྱིི་བསྟན་འགྲོའི་བགྱི་བར་ཐུགས་གཞོལ་བའི་སྐབས་སོ། ། དགུང་གྲངས་ང་བཞིར་བྱོན་པ་ཆུ་སྟག་ལྕགས་བྱི་དབྱུག་ཟླ་ལྷག་པའི་དབང་དུ་བཏང་ན་གོང་བསམ་ཡས་སུ་ཞུགས་རང་འབར་དང་ཟླ་དུས་མཚུངས་པར། སྔོན་ཆོས་རྒྱལ་ཀྱི་དུས། སློབ་དཔོན་པདྨས་ཁྱུང་ལུང་མ་བཀུག་སྟེ་བསྟིམས་པར་གྲགས་པའི་ཕན་རིང་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་དམུ་རྫིང་མགོན་ཁང་རྟེན་བརྟན་པ་བཅས་རྒྱུ་མཚན་མེད་པར་ཞུགས་བཞེས་ཀྱིས་དམིགས་མེད་དུ་སོང་བས། བོད་གངས་ཅན་དུས་རྟགས་ཤིན་ཏུ་གསལ་བ་ཡིན་པ་བཞིན་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཐུགས་ལ་བཟོད་གླགས་དང་བྲལ་བས་རྒྱལ་དབང་རྩེ་ཤོད་བླ་བྲང་ཞབས་པད་བཅས་སུ་སྙན་བསྒྲོན་ཏེ། རྟེན་བརྟེན་པ་བཅས་གསར་བསྐྲུན་རྟ་ཟླའི་བརྒྱད་ཚུན་ལ་ཚར་ཕྱིན་མཛད་དེ། གོས་ནག་ལྷ་མོར་བསྒྲུབས་པ་བཀའ་བསྒོ་དམ་བཞག་གི་ཡི་གེ་ཅན། རྟ་མགྲིན་ཡང་གསང་དང་ལྷ་མོའི་སྣང་བརྙན། རྔ་རོལ་སིལ་སྙན་གོས་ལྷམ་སོགས་དང་། རྒྱུན་བསྐང་གཏོར་མི་བཞི་གྲྭ་རྣམས་ལེགས་པར་འདོམས་སོ། །རྟ་ཟླ་དབོ་ཟླ་སོགས་ལ་གཞུང་ས་མཆོག་དང་། བླ་བྲང་ཞབས་པད་སོགས་ནས་དམུ་རྫིང་སྐོར་སོགས་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་བཀའ་ཚིག་གསལ་པོར་ཕེབས་དགོས་རྣམས་ལའང་། གཙོ་བོ་རྒྱལ་མཆོག་ལྔ་པ་ཆེན་པོའི་ལུང་བསྟན་རྒྱ་ཆེན་དང་། གཏེར་ཆེན་བདུད་འདུལ་གླིང་པའི་ལུང་བསྟན་སྐོར། གཏེར་བདག་གླིང་པའི་དག་སྣང་ཆུ་ཟའིརོལ་རྩེད། རྡོ་བྲག་རིག་འཛིན་