R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༧
[A:༣༣༧]གོང་ས་རྒྱལ་དབང་མཆོག་དགུང་གེགས་སྔ་བསུར་བྱོན་པའི་སྐུ་གེགས་སེལ་ཕྱིར། གཟིམ་སྤྱིལ་དཀར་པོའི་བསེ་དགོན་ཡིད་བཞིན་ནོར་བུའི་སྐུ་དྲུང་དུ་འཇམ་མགོན་ཞལ་རྣམ་པ་གཉིས། རྗེ་བཙུན་དྲུང་། བན་ཚང་པའི་འཁོར་ཚོགས་བཅས་ནས། རྗེ་ཉིད་ཀྱི་བཀའ་བཞིན་གསུང་བསྐང་སྨིན་རྒྱས་དང་། ཞག་གསུམ་རིང་འདུས་ཚོགས་སུ་སྡེ་དགེ་ས་དབང་ལ་ཅུང་ཟད་འཚུབ་ཉམས་འཁྲུངས་པ་སེལ་ཕྱིར་སྐུ་རིམ་རྒྱ་ཆེ་གནད་སྨིན་དུ་འདོམས་པར་མཛད། རིང་མིན་ནས་རྒྱལ་དབང་མཆོག་གི་ཐུགས་བཞེད་བཞིན་གནོད་སྦྱིན་རྩིའུ་དམར་པོའི་སྐུ་གསོབ་གཟུངས་རབ་གནས་སོགས་ཆོ་ག་རྣམ་དག་གིས་བསྐྲུན་པ་སྐུ་ཚབ་ཆེད་མངགས་ཀྱིས་ཕུལ་བས་དགྱེས་བཞེས་ཡང་དག་པར་མཛད་ཅེས་ཐོས་ལགས། དེ་མཚམས་ནས་གོང་གི་གསེར་ཆོས་ཀྱི་དབང་རྣམས་འཇམ་སྐུ་མཆེད་སོགས་དང་མཉམ་དུ་བསྩལ་བ་ཇི་ལྟར་བསྩལ་བའི་ཆོས་རྣམ་གྲངས་འོག་ཏུ་བྱུང་ཞིང་། སྨིན་ཟླའི་འགོར་བྱང་པ་སྡེ་ཚོགས་ལ་གསུང་བསྐང་ཉིན་གང་མ་སྤྱིར་དུས་བདེ་ཞོད་འཇགས་བྱུང་བ་དང་། ཁྱད་པར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཆོས་བཀའ་རྒྱ་ཆེར་བསྩལ་འབྲས་བཞིན། གང་གི་རིགས་སྲས་རྒྱལ་ཚབ་དམ་པ་མཆོག་དང་། གཞན་ཡང་བསྟན་འཛིན་ཁ་ཤས་གཞི་བསྙེན་ལ་བཞུགས་སྟན་འཇགས་རྒྱུའི་རིམ་གྲོར་ཆེད་དགོངས་ཀྱིས་བསྩལ་ནས། མ་འགྱངས་པར་ཁའུ་སྨན་ཆབ་མཛད་དེ། འཇམ་མགོན་དབང་སྡུད་སྙིང་པོ་ཉིད་ནས་འཁོར་ལོ་བདེ་མཆོག་དང་། ᫗᫙་ཀླུངས་མཆོག་སྤྲུལ། རྩེ་གདོང་སྤྲུལ་སྐུ་སོགས་ཀྱཻ་རྡོ་རྗེའི་གཞི་བསྙེན་ལ་བཞུགས་དགོས་པའི་བཀའི་གནང་བ་བསྩལ་ནས། རྗེ་