R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༢
[A:༣༤༢]ཐང་བརྒྱ་རྩ། ཉི་སྦས་དང་ཇོ་ལུགས་སྒྲོལ་མ་ཉེར་གཅིག མགོན་པོའི་དབང་ཆེན་ལྔ་དང་དེའི་རྗེས་གནང་ཟབ་མོའི་རིགས་རྣམས་དང་། ཕྱིས་འཁྲིད་འཕྲོ་ཅན་རྣམས་གཙོ་བོར་སྨོས་ཆོས་ཀྱི་འཁོར་ལོ་ཉིན་མཚན་ཁོར་མོ་ཡུག་ཏུ་ངལ་མེད་བདག་གཞན་བརྗེ་བའི་ཐུགས་བསྐྱེད་ཀྱི་དམ་བཅའ་གཡེལ་མེད་ནས་བསྐོར་བར་མཛད་པ་འདི་གཅིག་པུའི་སྐུ་དྲིན་ཡང་བསྐལ་པ་རྒྱ་མཚོར་ཁྱེར་མཐའ་མཆིས་མིན་ཤེས་ལྡན་གཟུར་གནས་དག་གིས་དགོངས་འཚལ་ལོ། །དབྱུག་ཟླ་བཀྲ་ཤིས་ཟླ་གང་བླ་བྲང་ཞབས་པད་མཆོག་གི་བཀའ་བཞིན། སྒོ་རུམ་ཡེ་ཤེས་མགོན་པོའི་སྐུ་དྲུང་དུ། གང་གི་རྒྱལ་ཚབ་དམ་པ་འཇམ་མགོན་ཞལ་རྣམ་པ་གཉིས་རྒྱུན་ཕེབས་དང་། བཅོ་བརྒྱད་སྐུ་མཆེད་ནས་བཟུང་དགེ་འདུན་རེས་བསྐོར་གྱིས་བརྒྱད་གྲྭས་བསྐང་ཕྲིན་གནད་སྨིན་ཞུ་དགོས་བཀའ་གསང་གིས་འདོམས་ནས། གྲོས་འཕྲལ་རྟགས་བཟང་ངན་རྣམས་ཀྱང་གབ་སྦས་དང་བྲལ་བར་ཕུལ་ཞིང་། དེའི་ཚེ་གན་རྫོང་དུ་མི་དགེ་བའི་མཚན་མ་སོགས་ལ་བླང་དོར་གསོལ་བ་བཞིིན། སྔོན་གྱི་ལོ་རྒྱུས་ལས་འཕྲོས་པའི་སྤང་བླང་དང་། རྡོ་སྐུ་ཁྱད་མཚར་ཅན་གདན་སར་གདན་དྲངས་ནས་ཉམས་གསོ་རབ་གནས་ཀྱིས་མངའ་གསོལ་དང་བཅས། སླར་གནས་རང་དུ་བླ་མ་བསྙེན་སོང་ནས་སྤྱན་འདྲེན་མཛད། ཟླ་བ་དེ་ནང་ནས་རྗེ་ཉིད་ཀྱི་ཐུགས་བསྐྱེད་བླ་ན་མེད་པའི་གྲས་སུ་གྱུར་པ་བྱ་ཁྲ་མའི་ཤར་རྒྱུད། མ་ཐང་རྟེན་བརྟེན་པར་བཅས་གསར་བསྐྲུན་གྱི་ལས་འགོ་བརྩམས་ཏེ། མི་རིང་བར་མ་བསྐོར་རྣམས་ལ་རབ་ཏུ་གནས་པའི་མེ་ཆར་དང་། དེའི་བཅུ་དགུའི་ཉི་ཟླར་འཆད་གྲུབ་