R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༡
[A:༣༥༡]དགུང་གྲངས་ང་ལྔར་བྱོན་པ་ཆུ་ཡོས་རྒྱལ་ཟླའི་ཚེས་གཉིས་ལ་གཉའ་ནང་ཀོ་ཐང་པས། བལ་ཡུལ་གྱི་གནས་ཚུལ་ལས་འཕྲོས་པའི་གསུང་བརྟག་གི་ས་བོན་འབྱོར་རྒྱུའི་ཐོ་རེངས་འོད་གསལ་དུ། བུད་མེད་རྒན་མོ་ལུས་ཆས་མཆོར་ཅན་ཞིག་གིས། སྲང་དབར་ཞིག་ཏུ་བྱིས་པ་ཆུང་ངུ་ཞིག་བཞག་ནས། ཕར་ལོགས་ཐང་ཀ་ཞིག་ཏུ་བསྐྱོད། མོ་རང་གཞན་ཞིག་ལ་དབང་ཡོན་བྱེད་ལ་འགྲོ་རྒྱུའི་ཁུལ་ལ། བཙུན་མ་ཞིག་དང་འཕྲད་པས། བཙུན་མ་དེས་རྒན་མོ་དེར་འཛེེམ་ནས་སོང་བ་དང་། བྱིས་པ་ཐལ་ཕྱུར་བ་གསུམ་ནས་ཁྱི་ཕྲུག་སྐྱེས་བྱུང་ཚད་རྡོ་བརྡུངས་བཏང་ནས་གསོད་རྒྱུ་ཡིན། ཟེར་བ་ཞིག་འཁྲུངས་པས། བལ་ཡུལ་ལ་ལྷོ་ནུབ་ནས་ཉི་མ་ཤར་བ་སྔ་མོ་ནས་འཁྲུངས་པའི་ལོ་རྒྱུས་དང་བཅས་ཞིིབ་གསལ་དུ་བསྩལ་ཞིང་། ཟླ་མཇུག་ཞབས་འབྲིང་པ་རྣམས་ལ་བཀའ་འདོམས་ཀྱིས་གནས་བཅུའི་རྟེན་ཇི་སྙེད་པ་རྣམས་ལ་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་བྱོན་གྱི་ཆེད་དུ་དགོངས་རྡུལ་སྤྲུགས་དང་སྦྲགས་ན་བཟའ་གསར་སྒྲོན་དང་། རྟ་ཟླའི་ཉར་མཆོད་འབུལ་རྒྱ་ཆེན། དགེ་འདུན་བསྙེན་བཀུར། ངན་སློང་སྦྱིན་གཏོང་། བརྒྱད་སྟོང་པ་དང་ཀྱཻ་རྡོར་སྒྲུབ་མཆོད་དྲི་མེད་བཤད་རྒྱུད་མཚན་འདོན་རྣམས་དང་། ཁྱད་པར་ཉམ་ཐག་ཕོངས་པའི་འགྲོ་བ་རྣམས་ཐུགས་རྗེའི་སྤྱན་རས་ཀྱིས་མ་བོར་ནས། ངན་སློོང་སྦྱིན་གཏོང་ནི་སྔ་ཕྱི་ཀུན་ཏུ་གྲངས་མེད་རྣམས་བཀའ་གསང་གིས་གདམས་ཤིང་། ཟླ་བ་དེར་འཇམ་མགོན་དབང་གི་མཚན་ཅན་ཉིད་ཚེ་མཐའ་ཡས་པའི་ལྗགས་བསྙེན་ཟླ་གང་མའི་སྐབས་དང་། རྗེ་རྡོ་རྗེ་འཆང་ཉིད་ལ་