R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༢
[A:༣༥༢]ལྟར་སྣང་ཙམ་དུ་ཞབས་འབམ་དང་ཆབ་བསགས་སོགས་མཐའ་མའི་སྙུན་གཞིའི་འགོ་ཟུག་པ་ནས་བཟུང་། རིམ་གྱིས་སྐུ་ཁམས་ཇེ་ཞན་དུས་སྤྱི་སྒོས་མཐའ་དག་ནས་ཞབས་བརྟན་སྐུ་རིམ་རྒྱ་ཆེར་རྒྱུན་འཁྱོངས་མཛད་དང་མཛད་མུའི་ཟླ་སྐེད་ཙམ་ནས་རྗེ་ཉིད་ཀྱི་བཀའ་བཞིན་སྭཙྪ་འབུམ་ཐེར་གདབ་པ་བདེ་མཆོག་ཏུ་ཞབས་མཆོད་རྟེན་གྱི་ནང་གཟུངས་སུ་འབུལ་གནང་དང་། དེའི་ཚེ་ལྷ་ཆེན་པ་སོགས་དགེ་འདུན་འགའ་ཞིག་ལ་ཚེ་ལྷ་རྣམ་གསུམ་གྱི་བསྙེན་སྒྲུབ། གཞན་ཡང་གསུང་སྒྲོག་གཏོར་མ་སོགས་བཀའ་བསྩལ་རྣམས་ཚར་ཕྱིན་གནད་སྨིན་དུ་བསྒྲུབས་པ་དང་། དབུས་ཀྱི་ཆོས་སྐྱོང་ཁག་གི་ལུང་གསལ་རིམ་གྲོ་དང་། མོ་རྩིས་ཀྱི་སྤང་བླ་སྤྱི་དང་། ཕྱི་རྟེེན་སྐུ་འབུམ་དང་རིག་འཛིན་ཕོ་བྲང་། བརྩེ་ཆེན་ལྷ་ཁང་བཅས་ཀྱི་རྒྱ་སྐར་སྟེང་དུ་བྱ་རོག་གི་ཚང་བསགས་པ། གཡས་རུ་བྱང་གི་སྤྱི་མཚོ་སྐྱ་མོའི་མཚོ་སྒོ་ཡང་སྐྱ་བོ་ཁ་གདངས་ལ་ཟུག་པ། གནོད་སྦྱིན་རྩེའུ་དམར་པོའི་ལུང་དུ། བསོད་ནམས་ཀྱི་ཞིང་ས་དམ་པ་དེ། །འོད་ནུབ་ཕྱོགས་སུ་འཕྲོ་བར་མི་འགྱུར་རམ། །ཞེས་གསུངས་པ་དང་། བསམ་ཡས་སུ་བླ་མ་དམ་པའི་བླ་ཤིང་སྡོང་བོ་ཆེན་པོ་ལ་ཞུགས་རང་བཞེས་དང་། མོ་ལུང་དུ་རྒྱལ་པོ་གདན་ནས་བསྐྱོད་པ་ཞེས་བྱ་བས་བླ་མ་བཟང་པོ་དགེ་ཚུལ། གླིང་གི་མུན་ནག་གཡོགས། མོ་རྩེ་མ་འཐེན་པ་སོགས་རྗེ་ཉིད་དགོངས་པ་གཞན་དོན་དུ་གཏད་པའི་སྔ་ལྟས་ཤར་བའི་ཞབས་བརྟན་སྐུ་རིམ་དམིགས་བསལ་རྣམས་ལ་འབད་འབུངས་ངོས། དབོ་ཟླའི་ཟླ་མཇུག་སྐུ་རིམ་ཆེན་མོར་ཡང་མ་ཕེབས་ན་ཇི་ལྟར་ལགས། ཞེས་སྙན་