R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༤
[A:༣༥༤]འཁྲུངས་པ་ནི་གོར་མ་ཆག་ཀྱང་། རྗེ་རྡོ་རྗེ་འཛིན་པ་ཆེན་པོ་ནི། འཇམ་མགོན་བླ་མས། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོ་ཅ་ཅོ་ག་ལ་སྒྲོག།།ཅེས་གསུངས་པ་ལྟར་གནས་སྐབས་དུས་སྐབས་དང་བསྟུན་པར་མཛད་ནས་གཞན་དག་ལ་ཆེར་བཀའ་མི་བསྩལ་ཞིང་། ཉིད་ཀྱི་གསུང་ལས་ཀྱང་། ཁོ་བོའི་གསང་གཏམ་ལོགས་སུ་འཆད་པར་སྤྲོ། གསུང་མུ་བཞིན་སྔ་ཕྱི་ཀུན་གྱི་གསང་འོས་འགའ་ཞིག རྗེ་ཉིད་ལས་གཞན་དུ་ཆེར་མ་གྲགས་སོ་སྙམ་ཞིང་། འོད་ཀྱང་ལྗགས་བསྙེན་དེའི་སྐབས་ཞིག།། མི་དཀར་པོ་ཞིག་གཟིགས་སྐར་ནས་འོོངས་ཏེ་རྗེ་ཉིད་ལ་ཐེ་ཚོམ་བྱེད་ཉམས་འདི་ནི། སྔ་མོ་ཞིག་ནས་རེས་མེ་ཕུང་དུ་སྤྲུལ་རེས་མི་གཟུགས་སུ་བྱས་ཏེ་འོང་སྐད་ཐོས་པ་དེའི་ཆོ་འཕྲུལ་ཞིག་ཡིན་འདྲ་ཞིང་། མེ་ཕུང་དུ་བྱུང་བའི་ཚེ་གཞན་ཐབས་གང་གིས་ཀྱང་ཁོ་མི་འགྲོ་ཞིང་། རྗེ་ཉིད་ནས་རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག་འཕྲལ་མེ་ཕུང་དེ་གཟིགས་སྐར་ལ་སོང་བ་ཞིག་སྔ་མོ་ནས་བྱུང་བ་དང་། ཡང་དངོས་ཉམས་དང་འོད་གསལ་འདྲེས་པ་ལྟ་བུའི་ངང་དུ་རྗེ་ཉིད་ཀྱི་གཟིམ་མལ་དྲུང་དུ་མཐོ་འཚམ་བྱེད་མི་བན་གཟུགས་ཅན་ཞིག་བྱུང་བ་ལ། དེ་མ་ཐག་རྡོ་རྗེ་རྣམ་པར་འཇོམས་པའི་ཐུགས་རྒྱལ་གྱིས་སྣ་ཚོགས་རྡོ་རྗེ་གནོད་བྱེད་དེའི་མགོ་བོར་སྣུན་པར་མཛད་པས། ཁོ་དུས་ཆོས་སུ་གྱུར་པ་ཞིག་འཁྲུངས་པ་ནི་རྗེ་བཙུན་ས་སྐྱ་པའི་བསྟན་སྲིད་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒྱལ་འགོང་ཞིག་མོ་བརྟག་སོགས་སུ་བྱུང་བ་དེ་བསྒྲལ་བར་མཛད་པ་ནི་ཐེ་ཚོམ་དང་བྲལ། གང་ལྟར་ཕུར་བཟློག་