R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༥
[A:༣༥༥]སྦྱིན་སྲེག་ཞག་བདུན་མ་བཅས་ཐུགས་བརྩོན་ཆེ་བསྐྱེད་ངལ་བ་ཁྱད་བསད་འཕགས་ཆེན་བྱང་སེམས་ཆེན་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོའི་སྒོ་ནས། གེགས་མེད་མཐར་ཕྱིན་དུ་མཛད་དེ། གཟིམ་ཆུང་གཞི་ལམ་འབྲས་དུས་སྨིན་གྲོལ་དཔལ་འབར་དུ་གསུང་བསྐང་སྨིན་རྒྱས་ཐོག། ཚོགས་ཀྱི་འཁོར་ལོའི་དགའ་སྟོན་རྒྱ་ཆེན་པོ་ལ་རོལ་བར་གནང་ཞིང་། མགུལ་བ་བཀྲ་ཤིས་པའི་ལྷའི་རེག་བྱ་ཁྱད་མཚར་ཅན་དག་གིས་སྤྲས་ནས། གཟིམ་ཆུང་དེར་མཆིས་པའི་འཕྲལ་གྱི་ཉེ་མཁོར་ཐུགས་ཚགས་མཛད་པ་རྣམས་ཀྱང་སོ་སོར་ངོ་སྤྲོད་སོགས་མཛད་དེ། སྐུའི་འཕྲོད་བཞེས་ལ་ལྷིང་ཆགས་གནད་བསྣུན་མཛད་རྒྱུའི་དགོངས་རྩེ་མངོན་དུ་གཏོད་པར་གནང་སྟེ། ནག་ཟླའི་ཚེས་གཅིག་ནས་ཚོམས་དམར་མཁའ་སྤྱོད་དུ་ཕྱག་ལེགས་པར་ཕེབས། འཕྲོད་བཞེས་རྣམས་དང་། སྤྱི་སྒོས་ནས་ཞབས་པད་ཡུན་བརྟན་གྱི་བགྱི་བ་མཐའ་དག་འབད་པ་ཆེན་པོས་ཞུས་ཀྱང་། སེམས་ཅན་ལས་ངན་སྤྱོད་པ་ལ། །སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད། །ཅེས་གསུངས་པ་བཞིན། ལས་ངན་དུས་སུ་བདོ་བའི་སེམས་ཅན་གྱི་སྤྱོད་པ་མ་རུངས་པ་རྣམས་ལ་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ཐུགས་ཁྲེལ་ནས་དགོངས་པ་གཞན་དུ་གཏད་པ་ལ་མངོན་དུ་ཕྱོགས་ཏེ། རེས་ནི་སྐུ་ཁམས་ཀྱང་སྟར་ཆགས་དང་། རེས་ནི་རྗེ་ཞན་བཅས་སྐུ་བྱུགས། གསོལ་སྨན། གསོལ་ཟས། སྐུ་རིམ་རྣམས་འཐུས་ལ་ཤོར་བར་བཀའ་དྲིན་ཆེ་སྐབས་རྣམས་སུའང་སྐལ་ལྡན་རྣམས་ལ་རྗེས་གནང་ཟབ་མོའི་རིགས་སུམ་ཅུ་ཁ་པར། དུད་སོལ་མའི་བེའུ་བུམ་གྱི་ལྗགས་ལུང་སོགས་དང་། ཁྱད་པར་ཞལ་ངོ་རྣམས་