R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༧
[A:༣༥༧]སྙུན་བབས་ལྕི་མོ་དེ་ལྟའི་གནས་སྐབས་སུའང་། ངོ་མཚར་དང་བཅས་བསྟན་མཁས་ཀྱི་མཛད་པས་དུས་འདས་རྗེས། མ་འོངས་མངོན་སུམ་དུ་གཟིགས་ཏེ། ཚོམས་དམར་མཁའ་སྤྱོད་སོགས་བཀོད་ལེགས་ཀྱི་བཀའ་འདོམས་ནི། སྤུར་ཞུའི་གནས་དང། ཕོ་བྲང་ལ་ཞིག་གསོའི་སྐབས་སྐུ་ཆས་འཇོག་པར་དགོས་སོ། །ཞེས་གསུང་རྒྱུར་གོར་མ་ཆག དེ་ནས་ཁའུ་སྨན་ཆབ་ལ་ཕེབས་བྱམས་ཐོག་སྐུ་བསྐྱོད་ཀྱི་ཚེ་ཀུན་རར་དྲག་བསྡུས་རྣམས་ནས་རྗེ་ཉིད་ལ་མཇལ་དར་བསྟན་པའི་ཚེའང་བཀའ་གསང་སོ་སོར་གྲོལ་མུར། ལྷ་བྲིས་དབུ་བྱེད་ལ། ཁོ་བོའི་འདྲ་སྐུ་མང་དུ་བཞེངས་དགོས་ཡོང་བས་ངོས་ཀྱི་གདོང་ལ་ཡང་དག་ལྟོས་ཤིག་ཅེས་བཀའ་བསྩལ། ཁའུར་དགའ་བོ་ཆུ་ཚན་ཆབ་བདུགས་སྐབས་ཀྱང་སྐུ་ཁམས་རེས་འཇོག་ཁོ་ན་དང་། ཐོག་སྟེང་དུ་སྔ་དྲོ་ལྷ་བསངས། སེངྒེ་སྒྲ། ཆབ་