R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༦
[A:༣༥༦]ཀྱི་དབུ་གཡས་ཕྱག་གཉེར་སོགས་དྲག་བསྡུས་ཇི་སྙེད་པར་བཞུགས་ཁྲི་པད་མ་ཅན་གྱི་སྟེང་ནས་རྣམ་སྲས་སེར་ཆེན་གྱི་རྗེས་གནང་གཟབ་མོའི་ཐོག་ནས་སྩོལ་བའི་ཚེ། སོ་སོར་འབྱུང་འགྱུར་ཧུར་བསྐྱེད་མཛད་དགོས་ཀྱི་བཀའ་འང་གྲོལ་བ་དགོངས་གསལ་ལྟར་དང་། གཞན་ཡང་སྟོད་སྨད་ཀྱི་བླ་ཚོགས་ཇི་སྙེད་པར་བཀའ་སློབ་སྔར་བས་ཀྱང་ཞིབ་རྒྱས་འབྱུང་འགྱུར་དང་བཅས། སྤྱི་སྒེར་དད་ཅན་རྣམས་ལ་མཇལ་ཕྱག ཞབས་འཆགས། བཀའ་སྩོམ། གསུང་བྲིས། རྣམ་སྲས་བསྐང་འཕྲིན། སྐུ་རིམ་གྱི་ལྗགས་བཀོད། གནོད་སྦྱིན་འཁོར་ལོ་མང་པོའི་སྒྲུབ་པ། རྗེ་ཉིད་ཀྱི་འདྲ་སྐུ་རིན་པོ་ཆེ་བྱེས་ལོག་གཞིས་བརྟན་ཅེས་རྗེ་ཉིད་ནས་མཚན་གསོལ་ཞིང་། དར་གླིང་གྲུབ་དབང་ལ་མ་བསྩལ་བར་འཇམ་མགོན་མཆོག་ལ་བསྩལ་བའང་། དེའི་རྟེན་འབྲེལ་གྱིས་རྗེས་སུ་མང་མཁར་ནས་ས་སྐྱར་བྱོན་ཐུབ་པ་ཡིན་སྙམ་དུ་ཁོ་བོ་སེམས་པ་སོགས་ལ་ཕྱག་ནས་རྒྱས་པ། ལས་བཞིའི་སྦྱིན་སྲེག ཕྱག་རྡོར་གཏུམ་པོའི་དུག་དབྱུང་རྒྱུན་རིང་བར། རིང་མོའི་དུས་ནས་རྗེ་ཉིད་ཀྱི་ཐུགས་དགོངས་ཐུན་མོང་མ་ཡིན་པ་གྲོ་བཞིན་བཛྲ་ཀི་ལ་ཡའི་སྒྲུབ་མཆོད་ཐོག་འགྲེམས་པར་མཛད་རྒྱུའི་ནོར་ཕྲེང་ཕྱེ་ཕུར་སོགས་གོས་བཟང་དགུ་ལས་གྲུབ་པའི་མཆོད་རྫས་འདི་རྣམས་བཀའ་གདམས་ཤིང་། སྤྱན་ལམ་དུའང་གཟིགས་སུ་གསོལ་བ། སྡེ་དགེ་གཉེར་ཆེན་མགོན་ཚེར་ལུགས་ཟུང་གི་བདག་རྐྱེན་ཡང་དག་པའི་རྒྱལ་སྲས་མཆོག་ལ་ཁབ་བཞེས་སྐོར་སོགས་ཕྱི་ནང་གསང་བའི་བཀའ་བསྩལ་དུ་མ་སོགས།