R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༣
[A:༣༦༣]ངོའི་དགའ་བ་གསུམ་པའི་ནམ་ལངས་བར་ལ་སྐུ་སྤུར་ལ་སྐྱོན་གྱི་རྣམ་པ་ཡེ་མ་བཞེས་པའི་ངོ་མཚར་དང་བཀའ་དྲིན་ལྷན་ཅིག་ཏུ་ཆེ་བ་དང། ནམ་ལངས་ནས་དྲི་བཟང་གི་ཕྱེ་མས་བྱུགས་པའི་སྐུ་སྤུར་ཟངས་ནང་དུ་སྤྱན་དྲངས་པ་དེ་མཆོད་འཕྲེང་ཡོངས་བསུ་སོགས་དང་བཅས་ཚོམས་དམར་མཆོད་རྫས་མང་པོའི་དབུས་སུ་གདན་འདྲེན་གྱིས། ཆོས་སྡེ་རྣམ་གཉིས། དྲུང་སྐྱ་སེར། རིན་སྒང། ཆོས་ལྷུན་པ་སོགས་ནས་སྐུ་སྤུར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བྱིན་རླབས་སོགས་ཞུ་བར་མཛད་རྗེས། མཁན་རིན་པོ་ཆེ། དབུ་བྱེད་རྣམ་གསུམ། གྲྭ་ཚང་མཆོད་དཔོན་བཅས་ནས་ཀྱཻ་རྡོ་རྗེའི་དུས་མཐའི་ཆོག་སྨིན་རྒྱས་ཀྱི་ཐོག་ནས་བྱིན་ཟར་ཞུ་སྦྱངས་མཛད་འཕྲལ། ཞུགས་རང་བཞེས་ལྟ་བུའི་ངོ་མཚར་གྱི་ཚེའང་ནམ་མཁའ་འཇའ་དང་མེ་ཏོག་གི་ཆར་སོགས་ནི་ཀུན་གྱི་མིག་ལམ་དུ་གསལ་ཞིང། དེ་ཉིན་སྐུ་གདུང་ཞུ་སྦྱངས་ཟིན་འཕྲལ་ནས་བཟུང་ཀླུ་རྣམས་ཀྱིས་ཀྱང་ཟིམ་ཆར་རྟག་པར་འབེབས་པར་བྱེད། དེ་ནས་དགུང་ཞག་ནམ་རྫོགས་པར་འཇམ་མགོན་ཞལ་རྣམ་པ་གཉིས་ནས་འཁོར་ལོ་བདེ་མཆོག་ནག་པོའི་ལུགས་རྡུལ་དཀྱིལ་གྱི་སྟེང་ནས་བདུན་ཕྲག་རེའི་མཚམས་སུ་དཀྱིལ་འཁོར་གཤེགས་གསོལ་དང་བཅས་ཞལ་ཕྱེ་བར་མཛད། བདེ་མཆོག་ཏུ་ཨ་ཎིའི་དྲུང་དུང་བཙུན་མོར་ཀུན་སྐྱིད་ལགས་ནས་ཀྱང་དགོངས་རྫོགས་སྒྲུབ་མཆོད་དང། རྗེ་བཙུན་དྲུང་འཆི་མེད་བསྟན་པའི་ཉི་མ་ནས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྒྲུབ་མཆོད་ཀྱང་དེ་བཞིན། གང་གི་དངོས་སློབ་ཡར་ཀླུངས་མཆོག་སྤྲུལ་དང། བཅོ་བརྒྱད་སྐུ་མཆེད་བཅས་ནས་ཀྱང།