R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༠
[A:༣༧༠]སྐུ་འདྲ་རིན་པོ་ཆེར་ཡབ་ཡུམ་གྱིས་ཕྱག་གནང་སྟེ། ཡབ་ཀྱིས་ཡུམ་ལ་རྟེེན་བཤད་གནང་རྩིས་ཀྱིས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་སོགས་བཀྲ་ཤིས་ཚིགས་བཅད་གསུམ་སྔོན་འགྲོའི་རྟེན་བཤད་མཛད་སྐབས་སྐུ་འདྲ་རིན་པོ་ཆེ་གཞན་ལས་གསལ་ཞིང་དགྱེས་ཉམས་ཆེ་བ་ཞིག་འཁྲུངས། ཡང་ལྕགས་འབྲུག་ལོ་མགོན་པོའི་ཆོས་སྐོར་མཁན་ཆེན་ཆོས་བཀྲ་ཤིས་སོགས་ཞལ་སློབ་འགའ་ཞིག་ལ་སྩོལ་བའི་ཚེ། ཁྱབ་བདག་དགོན་གསར་བ་ཆེན་པོ་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྗེ་ཉིད་ལ་དབུགས་དབྱུང་གཟེངས་བསྟོད་པ་དང་བཅས་ས་སྐྱ་པའི་གདུང་རབས་འབྱོན་པར་ལུང་བསྟན་པ་དང་། ཡང་ལྕགས་སྦྲུལ་ལོ་རྡོར་བྲག་རིག་འཛིན་ཆེན་པོའི་ལུང་བསྟན་གདུང་རབས་མྱུར་འབྱོོན་སྐུ་རིམ་དུ། གྲྭ་ལྔ་དང་དམར་པོ་སྐོར་གསུམ་གྱི་སྐུ་པར་གྲངས་མང་དང་། དེ་དག་ནི་སྐུ་གང་ལེགས་བཞེངས་དགོས་བབས་པ་བཞིན། གྲྭ་ལྔ་ལུགས་སྐུ་རྣམས་སྡེ་དགེར་ཡོན་སྦྱར་གྱིས་ཞུས། གོང་གི་སྐུ་པར་གྲངས་མང་དེ་དག་དང་གདུང་རབས་མྱུར་འབྱོན་ཆེད་དམར་པོོོ་སྐོར་གསུམ་བཞེངས་རྒྱུའི་བཅའ་སྒྲིག་ལ་རྟེན་འབྲེལ་རང་འགྲིག་ལྟ་བུར། དེ་དག་གིས་མཚོན་སྐུ་པར་མང་པོ་དེ་སྔོན་ནས་གསར་བླུགས་གྲུབ་འཕྲལ་ཡིན་པ་བཞིན། བརྒྱ་སྟོང་སོགས་ཕྱག་བཏབ་གྲངས་མང་དང་། སྐུ་རྒྱུར་བྱིན་རླབས་རྟེན་འདམ་མཚལ་སོགས་དབང་རྫས་དམར་པོོ་སྣ་འཛོམས་འཇིམ་གཙང་ལ་བྱིན་རླབས་མཛད་པ་དང་བསྲེས་ཏེ་ཚོམས་བར་མགོན་ཁང་དུ། ཚུལ་ཁྲིམས་བཀྲ་ཤིས་སོགས་ནས་ཤིན་ཏུ་གསང་བར་བཞེངས་ཏེ། ཐུན་མོང་དང་