R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༡
[A:༣༧༡]ཐུན་མོང་མ་ཡིན་པའི་གཟུངས་བཅས་སྣྲོན་ཟླའི་འགོར་གྲུབ་འཕྲལ་རྗེ་ཉིད་ཀྱིས་ཕྱག་ནས་ཚར་གཅིག་དང་། ཆོས་ལས་པ་བསྟན་འཛིན་རིན་ཆེེན་གྱིས་བརྒྱ་ཚར་མཛད། གཞན་ཡང་གདུང་རབས་མྱུར་འབྱོན་ཆེད་མང་མཁར་ཐུབ་བསྟན་དགེ་འཕེལ་དུ་ལྷོ་བྱང་དགེ་འདུན་བརྒྱད་གྲྭས། རྗེ་བཙུན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དང་འཕྲིན་འཆོལ་སོགས་ཟླ་གཅིག་རིང་བགྱིས་ཤིང་། ཟླ་མཇུག་བརྩེ་ཆེན་ལྷ་ཁང་རྒྱ་ཆེར་བསྐྲུན་པར་མཛད་པ་དང་། དེ་སྔོན་ནས་སྡེ་དགེ་ཞུ་ཆེན་རིན་པོ་ཆེས། གཟིམ་ཆུང་འཕྲོད་མིན་ཡང་བརྟག་ངོས་གདུང་རྒྱུད་མྱུར་འབྱོན་གང་ཅིའི་མཚམས་ལ་ཐུགས་བསམ་ཆེ་བསྐྱེད་དགོས་ཚུལ་གནང་བཞིན། ཡབ་རྗེ་རྡོ་རྗེ་འཆང་གི་གཟིམ་ཆུང་འཆི་མེད་རྡོ་རྗེའི་གུར་ཁང་རྒྱ་བསྐྱེད་དེ། རྟེན་འབྲེལ་ཁྱད་ཞག་བཅུ་སྐོར་ལ་ཚར་ཕྱིན་པ་མཛད་ནས། མཚན་ཡང་འཛམ་གླིིང་ཕུན་ཚོགས་དཔལ་འབར་དུ་གསོལ་ཏེ། གུ་རུ་དྲག་དམར་སྒྲུབ་མཆོད་ཀྱིས་ཐོག་མར་བྱིན་རླབས། དེ་རྗེས་རྡོ་རྗེ་ཕུར་པའི་རས་དཀྱིལ་སྒྲུབ་མཆོད་ཀྱང་མཛད་པས་བྱིན་ཆགས་ཤིང་ཐུགས་བག་ཕེབས་པ་བྱུང་གསུངས། སྐབས་ཤིག་སྤྱན་ལྟས་སུ། དཔོན་པོ་རིའི་རྩེ་ནས་ལྷ་རྒྱལ་འཐེན་པའི་སྐད་གསལ་པོར་གསན་པ་དང་། གཞི་ཐོག་ལྟག་གི་བསྐོར་ལམ་དུ་མི་ཞིག་གི་ཙནྡན་དམར་པོའི་འཁུར་པོ་ཤིན་ཏུ་ཆེ་བ་ཞིག་འཁྱེར་ཡོང་བ་དང་། ཡང་ལྷ་ཁང་རྩེའི་མཛོད་ནག་ནང་ཁུག་མ་སེར་པོ་ཞིག་ན་ཊཾ་ཀ་ཉུང་ངུ་ལས་མི་སྣང་བར། མི་ཞིག་ནས་ད་འདི་ཊཾ་ཀས་མྱུར་གང་ཡོང་རྒྱུ་ཟེར་བ་འཁྱུངས་པ་འདི་ལ་ནི། ཕྱི་ལྟར་ན་སླར་འབྱུང་ས་ཁྱི་ལོ་རྗེ་ཉིད་ནས་