R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༦
[A:༣༧༦]བ་དང་ཆབས་ཅིག་ཡུམ་ལ་གནོད་པ་མེད་པར་བདེ་བར་སྐུ་བལྟམས་པའི་གཏམ་བཟང་ཡབ་རྗེ་རྡོ་རྗེ་འཆང་གི་སྙན་དུ་སྒྲོན་མ་ཐག་དགའ་དགུ་ཡུས་པའི་རྣམ་པ་དང་ལྡན་བཞིན་དུ་ན་བཟའི་ཁྲོད་ནས་དབུ་ཞྭ་གང་ཐེབས་བསྣམས་ཤིག་པས་ཁ་གསར་སྤུས་ལེགས་ཤིག་ཕྱག་ཏུ་སོན་པ་དེ་བཞེས། དེ་དུས་གནས་བཅུར་ཁ་བཏགས་མང་པོ་སྐྱ་ཉོག་གེ་མཆིས་པའི་ཁྲོད་ནས་རྗེ་བཙུན་རིན་པོ་ཆེའི་སྣང་བརྙན་གསར་བཞེངས་དང་། ལུང་བསྟན་སྒྲོལ་མ་ཟུང་ལ་སྙན་ཤལ། ཡུམ་སྲས་ལ་བསྩལ་རྒྱུའི་ཁ་བཏགས་མཛོད་རྙིང་སྤུས་ལེགས་འབའ་ཞིག་ཕྱག་ཐེབས་རྣམས་བསྣམས་ནས་བྱོན་པས། སྔོན་གྱི་བླ་མ་གོང་མ་རྣམས་དང་ཆ་འདྲ་བར་གསུང་འབྱོན་ལ་ཁད་ལྟ་བུར་སྤྱན་གཉིས་རྗེ་ཉིད་ལ་དྭངས་གསལ་སྒྲིབ་མེད་དུ་གཟིགས་ཤུགས་ཆེ་བར་བཞུགས་པས། རྗེ་ཉིད་ཀྱི་ཐུགས་དགོངས་ལ་སྔར་རྗེ་བཙུན་ས་སྐྱ་པའི་བསྟན་པའི་རྩ་བ་གདུང་རབས་རིན་པོ་ཆེ་འབྱོན་དཀའ་བ་དེ་ཙམ་གྱི་ཐུགས་འཁུར་བཟོད་པར་མཛད་ནས། གང་ཅིའི་ཐད་ལ་འོན་སེང་འགྱོད་མེད་མཛད་པ་ཕྱག་ཐོག་ཏུ་ཁེལ་བ་འདིའང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཉག་གཅིག་ཏུ་འཁུམ་པས་བསླུ་མེད་རྟེན་འབྲེལ་གྱི་ཆོས་ཉིད་ལ་སླར་ཡང་ཐུགས་སྤྲོ་བའི་ངང་དུ་དར་ཅིག་འབྱམས་པར་གྱུར། དེ་ནས་རྗེ་བཙུན་རིན་པོ་ཆེ་སྣང་བརྙན་གསར་བཞེངས་དང་ལུང་བསྟན་སྒྲོལ་མ་ཟུང་ལ་སྙན་ཤལ་དང་། སྲས་ཡུམ་ཞལ་རྒྱས་ལའང་མགུལ་དར་འབྲས་དཀར་གྱི་མེ་ཏོག་ཉིལ་བཞིན་པར་ཕར་ཕྱིན་དྲུག་གི་བཀྲ་ཤིས་ཀྱི་མངའ་གསོལ་ཡང་བཀའ་དྲིན་ཆེ། དེ་ནུབ་ཡབ་རྗེ་ཐུགས་སྤྲོ་ཆེས་པས་འོད་གསལ་ཡེར་བ་ལྟར་