R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༧༩
[A:༣༧༩]བ་དང་། མགོན་ཁང་ཁག་བཞི་ཁྱད་པར་ནང་སོར་རྟག་གཏོར་གསར་འཛུགས། གཏང་རག་སོགས་རྒྱ་ཆེར་མཛད་ཚུལ་སོགས་གོང་འོག་འདི་རྣམས་ཀྱི་ཞིབ་པ་གོང་ཡབ་རྗེའི་རྣམ་ཐར་བཞིན་དང་། དེ་དུས་ཐུགས་བསྐྱེད་རྟེན་འབྲེལ་གྱི་ཡུལ་ཕྱོགས་ཀུན་ཏུ་ཆར་དྲག་ཏུ་བབས་པ་རི་ཀླུང་གི་རྩྭ་འབྲུ་རྣམས་འབྱོར་པ་ཕུན་སུམ་ཚོགས་པས་ཚང་མ་དགའ་མགུ་ཡི་རང་ཐོག དེ་དུས་མཛོད་པ་སོགས་ཞབས་འབྲིང་པ་རྣམས་ཀྱང་ཧ་ཅང་དགྱེས་ཚོར་གྱིས་དགོན་ཁག་སྐྱེད་བསམ་སོགས་ཀྱི་གཏང་རག་གི་ཕེབས་བསུ་སྐྱེས་ཀྱི་འགྲོ་བཞུད་རྣམས་ལའང་རྟ་རྒྱུགས་ཁོ་ན་དང་། སྐབས་འགར་མཚན་མོ་ཤེ་མུན་འཐིབས་ཏེ་ལམ་ཆོལ་སོགས་ལ་ཡང་ངལ་དུབ་ཀྱི་རྣམ་པ་དགོད་སྒྲ་ཁོ་ན་བྱེད་པ་བྱུང་བ་སོགས་ནང་རྟགས་ཕྱིར་གསལ་དགེ་མཚན་མངོན་གྱུར་དུ་གསལ། དེ་ནས་རིང་མིན་གསོལ་ཐབ་ལྷོར་ཕེབས་ཐོག རྗེ་རྡོ་རྗེ་འཛིན་ནས་དྲག་དམར་བསྒོམ་བཟླས་ཀྱི་ལྷའི་ང་རྒྱལ་བརྟན་པོས་ཐོག་མར། ཨོཾ་ཨ་ཀ་ནི་སོགས་དང་། གཙུག་འབར། རིགས་གསུམ་མགོན་པོ། དེ་ནས་གུར་དྲག་རྣམས་ཀྱི་ལྗགས་སྔགས་བཟླ་བཞིན་པར་བུམ་ཆུ་དུ་མ་འཐོར་བར་མཛད་པ་དང་། སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་ཞི་དྲག་མང་པོ་རྟེན་སྒོ་རྣམས་དང་བཅས་སྐུ་གདུང་རིན་པོ་ཆེ་ཕེབས་མཚམས་ལ་གདན་འདྲེན་ཞུ་མི་མགྲོན་གཉེར་རྒྱལ་ཚིང་དང་ཚེ་བསམ་ནས་འགན་བླངས་ལྷ་ཆེན་རྒྱལ་སྒོའི་ནང་དུ་ཕེབས་པ་ནས་བཟུང་། རྗེ་ཉིད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བཞེངས་ཏེ། ཚེ་གཟུངས་ཨོཾ་གསུམ་མ་ལྗགས་བཟླས་མཛད་མུར་མཐོང་སྨོན་བླ་བྲང་ཕུན་ཚོགས་གླིང་གི་གཟིམ་སྤྱིལ་གསར་