R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༥
[A:༣༨༥]ཕོར་གཡུ་ཁྲའི་རྟགས་བརྒྱད་ཅན་ཕྱེད་མར་གྱིས་ཕྱུར་བ་དང་། རྗེ་བཙུན་དྲུང་རྣམས་ཀྱིས་སྣ་བདུན་སྣ་ལྔ་རྫས་བརྒྱད་སོགས་ཀྱི་ཙཀླི་ཡུམ་མཆོག་ནས་གསེར་དམ་ཞོས་གང་བ། ཕྱག་གཉེར་སོགས་ཚང་མས་ཞི་དྲག་གི་མཆོད་པ་བག་དྲོ་བ་བསྣམས་ནས་རིམ་བཞིན་གྱིས་འབུལ་གནང་གིས་ཡབ་རྗེ་མཆོག་ནས་ཡོན་སྒོ་རྒྱས་པར་མཛད་ནས་ཚོམས་ཆེན་དུ་རབ་སྟོན་ལེགས་འབུལ་ཐོག་འཇམ་མགོན་གཞོན་ནུས་ཕྱག་དབང་ཐོག་མ་སྩོལ་ཞིང་། འདི་ལོ་བསྟན་འགྲོ་སྤྱི་བྱེའི་བདེ་ཐབས་སུ་དགོངས་སྨིན་ཟླའི་ནང་། ཡབ་རྗེ་མཆོག་ནས་གུར་མགོན་ལས་ཚོགས་དམར་ཆེན་གཏོར་བཟློག་དགེ་མཚན་དུ་མ་དང་བཅས་འཕེན་གནང་མཛད་ཅིང་། མཁས་དབང་ཞེ་ཆེན་དྲུང་ཡིག་འདི་འབྱོར་གྱིས་རྗེ་ཡབ་སྲས་རྣམས་ཀྱི་ཐུགས་བཞེད་ཐུན་མོང་མ་ཡིན་པ་རིག་གནས་སློབ་གྲྭ་གསར་འཛུགས་མཛད་ལོ་དང་། དགུང་གྲངས་བརྒྱད་དུ་ཕེབས་པ་ལྕགས་སྟག་ལོར་ལྷ་ཆེན་སྐས་རིང་དང་། རྔ་བོ་ཆེ་སོགས་སྔར་མེད་གསར་སྐྲུན་མཛད་དེ། སྣྲོན་ཟླའི་ཉེར་གསུམ་ལ་སྐས་འཛུགས་དང་། ཆུ་སྟོད་ཚེས་བཞིར་ཞལ་དྲོའི་སྐབས་ཞལ་ངོ་རྣམས་དང་། མཁན་ཕྱག་གཉེར་གསུམ་དྲུང་རིགས་བན་ཚང་པ་སོགས་ཚང་མ་གཟབ་བཞེས་ཀྱིས་སྐས་གཤམ་དུ་ཡབ་རྗེ་རྡོ་རྗེ་འཆང་ནས་ཆོས་དུང་རིན་པོ་ཆེ་ཕྱག་ཏུ་བཞེས། འཇམ་མགོན་སྐུ་མཆེད་ནས་ཚེ་དཔག་མེད་དང་། བཀྲ་ཤིས་རྫས་རྟགས་ཀྱི་ཙཀླི་སོགས་ཕུལ། ཞལ་དངོས་དང་གཞན་རྣམས་ནས་ཕྱག་ཆ་གང་འོས་བཅས་ཡབ་རྗེ་རྡོ་རྗེ་འཆང་མཆོག་ནས་སྐས་ཐེམ་གྱི་གྲངས་དང་མཐུན་པའི་ཤིས་བརྗོད་རྒྱས་