R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༦
[A:༣༨༦]པར་མཛད་སྐབས་གཙུག་ལག་ཁང་གི་སྲུང་མའི་རྣམ་འཕྲུལ། བྱིའུ་ཞིག་སྔོན་ལ་ཕེབས་བསུའི་ཚུལ་གྱིས་འགྲོ་ཞིང་སྐས་འོག་གི་ནང་དུ་ཡར་འགྲོ་ཚང་མར་ཕྱག་དབང་རྫོགས་ནས་རྩེར་ཡབ་སྲས་གསུམ་ཞལ་རྒྱས་ནས་ལྷ་བསངས་སྐབས། བྱ་རོག་སྣུམ་བག་ཅན་གསུམ་འོངས་ཏེ། དབུས་མའི་མཆུ་ཡས་མས་མར་གྱིས་དཀར་པོར་བྱས་ཏེ། གསུམ་ག་རྗེའི་ཞལ་དཀྱིལ་ལ་ལྟ་བཞིན་དུ་སྐད་སྙན་སྒྲོག་པར་བྱེད་དོ། །དེ་དུས་ཞལ་ངོ་བྱིངས་རྣམས་ཐེག་ཆེན་ཕོ་བྲང་དུ་བཞུགས་ཤིང་། བཀའ་རམས་ནས་ཐིགས་གཡབ་ཤར་གྱི་བྱང་དུ་ཚེ་ཆོག སྒྲིག་པ་ཡན་གྱི་དེའི་ལྷོར་འདུལ་ལུང་སྡེ་བཞི། འབུམ་སྡེ་ལྔ་སོགས་གསུང་སྒྲོག མཛོད་ནག་གཏོར་སྤོད་སོགས་ཞིབ་པར་གོང་ཡབ་རྗེའི་སྐབས་སུ་བཀོད་པ་བཞིན་བར་ལམ་ལྷ་ཁང་བྱང་གི་སྐས་ལ་བབས་ཏེ། ཕྱི་དྲོ་སྡེ་ཡངས་སུ་ཀོང་གཞས་སོགས་དགའ་སྟོན་ལ་རོལ་པར་མཛད་པ་དང་། དབྱུག་ཟླའི་ནང་དུ་ཆོག་མང་བདེ་ཀྱཻ་གསང་གསུམ་ལ་རབ་གནས་སྦྱོར་གནང་གི་ས་སྐོར་དང་། སྐས་རིང་སྒོ་རྔ་སོགས་རབ་གནས་འབྲིང་པོ་མཛད་པའི་ཡོན་སྒོར་འཇམ་མགོན་སྐུ་མཆེད་ཕེབས། སྦྱོར་གནང་གི་ས་སྐོར་དང་། ཞབས་བསྐོར་ལ་ཡང་ཕེབས་པར། འཇམ་མགོན་གཅུང་རིན་པོ་ཆེ་སྲས་རྫིས་རྒྱབ་ཏུ་གདན་དྲངས་ཏེ། བརྡལ་ལ་བཞུགས་ཁྲིར་མནལ་སྤྲོ་ཉམས་ཀྱིས་སད་པ་ནི། མདོ་སྡེ་རྣམས་ལས། དེ་བདེ་བར་གཉིད་ཀྱི་ལོག་ཅིང་། བདེ་བར་སད་པར་འགྱུར་རོ། ཞེས་གསུངས་པ་བཞིན་དང་། ཕྱི་བསྐོར་འཁོར་ནས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ནས་གསུང་བསྔོ་རྒྱས་པ། བཀྲ་ཤིས་ཀྱི་མཐའ་བརྒྱན་པ་བཅས་མཛད། ཉི་མ་