R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨༩
[A:༣༨༩]ཡང་ཆོས་སྤྱོད་བསྐང་བ་མང་དུ་སྦྱངས། །ཞེས་གསུངས་པ་ལྟར། ས་ཟླའི་མཇུག་བས་སེ་ཏཱ་ལ་སྦོ་ཤོག་ཐུའི་གསུང་མངགས་ཞིབ་ཆ་བཅས། བླ་མ་སངས་རྒྱས་དོན་གྲུབ་དཔོན་གཡོག་འབྱོར་པ་རྗེ་ཉིད་རིལ་སྒྲུབ་བཅད་རྒྱ་དང་འགྲིག་པས་ཞག་འགའ་སྒུགས་ཐོགས་ནས། རྟེན་འབྲེལ་རབ་ལ་སྒྲིག་མི་དགོས་པར་འགྲིག་པ་ནི། སྣྲོན་ཟླའི་ཚེས་གཉིས་ལ་འཇམ་མགོན་ཁམས་གསུམ་དབང་འདུས་ཉིད་ཀྱཻ་རྡོ་རྗེའི་རྒྱུད་འདོན་ལ་ཐོག་མར་ཕེབས་དུས་བླ་མ་དཔོན་གཡོག་ལ་འབྱོར་ཕྱག་ཐོག་ཁོང་ཚོའི་མགུལ་ལ་བཀྲ་ཤིས་པའི་ལྷ་དར་ཕུལ་བ་དང་། གཞན་ཡང་ཚོམས་ཆེན་དུ་ལམ་འབྲས་བླ་བརྒྱུད་གོས་ཡོལ་སོགས་རྒྱན་འགྲེམས། སྐུ་ངོ་རྣམས་དང་། ལྷ་སྡེ་མི་སྡེ་བཅས་བས་ཞབས་བརྟན་ལེགས་འབུལ་དྲུང་འཁོར་གྱི་གཞས་སོགས་རྒྱ་ཆེར་མཛད་པ་དངོས་དོད་ཀྱང་། ལོ་རྒྱུས་གསལ་བ་མི་སྣང་། ཚེས་གསུམ་ཉིན་སྤྲུལ་པའི་ལྷ་ཁང་ཆེན་མོ། ཟབ་པའི་ཡང་རྩེ་བླ་མའི་རྣལ་འབྱོར་ཉམས་བཞེས་པ་མདོ་སྔགས་ཚོགས་ཡོངས་ཀྱི་དབུ་རྗེར་ཡང་ཡབ་སྲས་བྱོན་ཐོག དམ་ཚིག་འགྱུར་མེད་བས་སེ་ཕྱག་རྡོར་སྐྱབས་ཀྱི་གསུང་ཤོག་རྟེན་གྱ་ནོམ་པས་ཐོག་དྲངས། མཎྜལ་གྱིས་གཙོས་དངུལ་བྲེ་ཆེན་མང་པོའི་འབུལ་ཆེན་མཛད་པ་སོགས་དགེ་ལེགས་རྟེན་འབྲེལ་བཟང་པོ་རབ་འབྱམས་རྒྱལ་བའི་ཞིང་ཁམས་སུའང་ཁྱབ་ཅིང་གྲུབ་པར་གྱུར་ཏོ། །དེ་རྗེས་ལོ་དེའི་གྲོ་བཞིན་ཟླ་བར་འཇམ་མགོན་དབང་གི་མཚན་འཆང་ཉིད་དཔལ་ཆེན་བཛྲ་ཀི་ལ་ཡའི་སྒྲུབ་མཆོད་སྐབས། ཚོགས་དབུ་ཐོག་མར་ཕེབས་ཏེ་གར་འཆམ་སོགས་ཆོ་ག་ཕྱག་ལེན་ཐམས་ཅད་ཀུན་གྱི་ཡིད་འཕྲོག་པར་མཛད་པ་དང་། ཁྲུམས་ཟླའི་ཚེས་