R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༩༤
[A:༣༩༤]དུ་གྲགས་པ་ཉམས་གསོ་གསར་བསྐྲུན་ལྟ་བུར་གསེར་ཤོག་ལེབ་བྱུགས་དང་ཁོར་ཡུག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཏོག་དང་བཅས་པ་སོགས་ངོ་མཚར་ཅན་དང་། ཇོ་དར་ཆེན་མོར་གསེར་ཟངས་ཀྱི་རྒྱལ་མཚན་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་རིང་བསྲེལ་རྣམ་བཞིས་ཕྱུར་པོར་གཏམས་པ་འདི་སོགས་རིམ་བཞིན་གསར་བསྐྲུན་གྱི་སྣྲོན་ཟླའི་ཚེས་གཅིག་ལ་ཆོས་ཁྲི་ཆེན་མོ་རགས་ཙམ་རབ་གནས་བཅས་གྲུབ་ནས། དབྱར་ཆོས་སྤྱི་པ་གཞིས་ལེན་སོགས་རྒྱས་བཤམས་གྲས་ལ་བླ་ཆེན་འཕགས་པའི་རྣམ་ཐར་གསེར་བྲིས་སོགས་ཞལ་ཕྱེ་ཞིང་དངོས་གཞི་འཇམ་མགོན་དབང་གི་མཚན་འཆང་ནས་གཞུང་ཀ་ཆེན་ཐུགས་སུ་ཆུད་ནས་གསུང་དམ་བཅའ་མཛད་རྒྱུར་གསུང་ཆོས་སྣྲོན་ཟླའི་ཚེས་ལྔ་གཟའ་སྐར་ལེགས་འཛོམ་ཉིན་ས་ཚོགས་སུ་གངས་ཉི་ཤར་ཙམ་ལ་ཆོས་དུང་རིན་པོ་ཆེས་གསུང་གིས་བསྐུལ་ཏེ་ཚང་མ་གཟབ་བཞེས་བཅས། གསུང་ཆོས་ལ་ཕེབས་ཏེ་ཆོས་ཁྲིར་འཇམ་མགོན་ས་པཎ་གཉིས་པ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་མཆོག་དང་། བཤད་གྲལ་འགོར་འཇམ་མགོན་གསུང་བཤད་ཀྱི་དགའ་སྟོན་སྩོལ་བ་པོ། འཆམ་ཁང་ལྷོ་འགྲམ་ནས་ཞལ་ངོ་བྱིངས་རྣམས་དང་། རུ་ཐོག་རྒྱལ་པོ། ཕྱག་གཉེར་དྲུང་འཁོར་སོགས། མདུན་གྱི་ས་སྟེགས་རྩ་བའི་དབུས་སུ་ཀླུ་ལྡིང་ཞབས་དྲུང་། གཡས་ཕྱོགས་ལ་ལྷ་ཆེན་དང་ཆོས་ལྷུན་མཁན་པོ་ཟུང་། བརྒྱ་དཔོན། གཡོན་ནས་ཆོས་ལས་པ་ཟུང་། ཟུར་འཆད། བན་ཚང་པ་བཅས་ལྷོར་བསྟན་དང་མེ་ལྕགས་འགུག འཇམ་མགོན་གསུང་བཤད་པའི་སྐུ་མདུན་གཡོན་ངོས་སུ་སྐུ་ཡོན་པ། དེ་ནས་ཚོགས་གྲལ་རྣམས་